དེ་རིང་ནི2025ལོའི་ཟླ05པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-16 08:46:38   |   310

   སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།            


   གསར་འགྱུར་གལ་ཆེན།

微信图片_20230516084124.jpg

  • ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨེ་ལི་ཐེ་ལི་ཡའི(厄立特里亚)ཙུང་ཐུང་དབྱི་ས་ཡ་སི་དང་གྲོས་མོལ་གནང་།

  • ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྡོ་སྣུམ་སློབ་ཆེན(པེ་ཅིང)གྱི་ཨེ་ཤེ་ཡ་དབུས་མའི་ཕྱི་འགྲིམ་སློབ་མར་འཕྲིན་ལན་བསྐུར་བ་དང་། ཁོང་ཚོས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པའི་སྐུལ་མ་གནང་། 

  • ཚེས16ཉིན་པར་སྐྲུན་བྱ་བའི《བདེན་འཚོལ》དུས་དེབ་ཨང10པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་དབྱང་ཆབ་སྲིད་ཅུ་སྐབས་ཉི་ཤུ་བའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པ་བྱེད་སྐབས་གནང་བའི་གསུང་བཤད》འགོད་རྒྱུ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགག་སྒོའི་དཔྱ་ཁྲལ་སྒྲིག་སྲོལ་ཨུ་ལྷན་གྱིས་ཉིན་ཤས་གོང་སྤྱི་བསྒྲགས་སྤེལ་བ་ལྟར་ན། ཟླ6ཚེས2ཉིན་ནས་བཟུང་རང་རྒྱལ་གྱིས་ཧྥི་ལི་ཕིན(菲律宾)དང་ཕན་ཚུན་བར་སྒོ་ཁྲལRCEPཇེ་ཉུང་དུ་གཏོང་རྒྱུ་རེད།

  • ཚེས15ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་ནས་བཟུང་། རྒྱལ་ཡོངས་ཀྱི་འགག་སྒོ་ཁག་སོ་སོའི་མགྱོགས་མྱུར་འགག་སྒྲོལ་ཕྱོགས་ཡོངས་ནས་སླར་གསོ་བྱེད་རྒྱུ་རེད།

  •  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཁག་བཅུ་ཡིས་ཉིན་ཤས་སྔོན་ལ་ལས་ཞུགས་ལྟ་སྦྱོང་ལས་གནས་ཁྲི་བརྒྱ་བསྡུ་རུབ་ཀྱི་འཆར་གཞི་ལག་བསྟར་བྱས་པ་དང་། མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་རོགས་བྱས།

  • ཚེས15ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་དངུལ་སྐུམ་བྱུང་མེད།

微信图片_20230516084140.jpg

  • ཚེས15ཉིན། 2022-2023འགྲན་དུས་ཀྱི་ཀྲུང་གོའི་སྐྱེས་པའི་ལག་རྩེད་སྤོ་ལོའི་ལས་རིགས་མཉམ་འབྲེལ་འགྲན་སྡུར་གྱི་མཇུག་མཐའི་རྟིང་རྩོད་འགྲན་སྡུར་དེ་སྡུར་ཐེངས་བཞི་པར་སླེབས་པ་དང་། ལེའོ་ཉིང་རུ་ཁག་གི་འགྲན་ར་གཙོ་བོར106-70ཀྲེ་ཅང་རུ་ཁག་ལས་རྣམ་པར་རྒྱལ་བ་དང་། སྡུར་གྲངས4-0གིས་འགྲན་དུས་འདིའི་སྤྱིའི་ཨང་དང་པོ་བླངས།

  • ཐུར་ཁེའི་ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཚེས15ཉིན་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་ལ་གཞིགས་ན། ཐུར་ཁེའི་ད་ལྟའི་ཙུང་ཐུང་ཨེར་ཏོ་ཨན(埃尔多安)དང་ངོ་རྒོལ་ཏང་མནའ་འབྲེལ་གྱི་འདེམ་སྒུག་པ་ཁོ་ལེ་ཆི་ཏར་ཨའོ་ལུའུ(克勒奇达尔奥卢)གཉིས་ཟླ་འདིའི་ཚེས28ཉིན་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་ནང་ཞུགས་རྒྱུ་རེད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་གཉིས་རིང་། པེ་ཅིང་གི་དབུས་ལྷོའི་རྒྱུད་དང་། ཐེན་ཅིན་གྱི་ལྷོ་རྒྱུད། ཧོ་པེའི་དབུས་ལྷོ་རྒྱུད། ཧྲན་ཏུང་གི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་གཤོང་ས་སོགས་སུ35℃ཅན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་ཡོད།

  • རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་ཉེ་དུས་ཆེད་དོན་བྱེད་སྒོ་སྤེལ་བ་དང་། གསར་འགྱུར་སྡེ་ཚན་དང་གསར་འགྱུར་གྱི་གཙོ་སྒྲོག་པ་རྫུན་མའི་ཐེམ་ཨང་ཁྲི10.7གཅིག་སྡུད་ཐོག་གཙང་བཤེར་བྱས།

  • ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ་བཞི་པར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་སོ་སོ་རླངས་འཁོར་ཁྲི213.3དང་རླངས་འཁོར་ཁྲི215.9ཟིན་པ་དེ་དུས་མཚུངས་ལས76.8%དང82.7%འཕར་ཡོད།

  • ཚེས15ཉིན་ཀྲུང་ནན་ཧྲན་གྱིས་གསུང་དོན། མིག་སྔར་ཀོང་ཀྲོའུ་རུ་དར་ཁྱབ་ཆེ་བའི་ནད་དུག་ནི་པྲོག་དབྱིབས་ནད་དུགXBB1.9.1ཡིན་པ་དང་། ཚ་རྒྱག་སྒོ་བརྟག་སྨན་ཁང་དུ་བརྟག་དཔྱད་བྱེད་མཁན་གྱི་ནད་པ་ལས་ལྔ་ཆའི་གཅིག་ལས་ལྷག་པ་ནི་པྲོག་དབྱིབས་ནད་པ་ཡིན། 

微信图片_20230516084150.jpg

  • སུའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚེས15ཉིན་འདྲི་གཅོད་དང་པོ་ཡོངས་བསྒྲགས་བྱས་ཏེ། ལིའང་ཁྲེང་ཡུན(梁成运)ལ་གསང་མྱུལ་བའི་ཉེས་པ་གཏན་འཁེལ་བྱས་པ་དང་ཚེ་བཙོན་གྱི་ཉེས་ཆད་བཅད།

  • ཚེས15ཉིན་རང་རྒྱལ་གྱི་གསེག་ཟུར་དམའ་བའི་འཁོར་ལམ་གྱི་ཆར་ཆུ་ཚད་ལེན་སྲུང་སྐར་ཐོག་མ་སྟེ། རླུང་སྤྲིན་ཨང་གསུམ་པའི་སྲུང་སྐརG(ཆར་ཆུ་སྲུང་སྐར)ཡི་རི་མོ་ཐོག་མ་དེ་དངོས་སུ་ཕྱི་ཕྱོགས་སུ་ཁྱབ་སྒྲོག་བྱས།

微信图片_20230516084158.jpg

  • ཉེ་ཆར་ཧྲའན་ཞི་ཐའེ་པའེ་ནགས་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་ལན་ཁོ་རིགས་ཀྱི་རྩི་ཤིང་སྟེ། ཧྲའོ་ལན་མེ་ཏོག་སྔོན་པོ་ཤེས་རྟོགས་བྱུང་།

སྲིད་ཇུས།

  • པེ་ཅིང་གིས་གཞི་རྩའི་སྨན་བཅོས་གུན་སྐྱོབ་རྩིས་ཞུའི་ཁྱབ་ཁོངས་ཁྲོད་ཀྱི་མི་སྒེར་གྱིས་འགན་འཁུར་བའི་སྒོ་བརྟག་སྨན་བཅོས་དང་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་ཚང་མ་སྨན་བཅོས་རོགས་སྐྱོབ་ཀྱི་འགན་ལེན་ཁྱབ་ཁོངས་ནང་འཇུག་རྒྱུ་ཁ་གསལ་བཏོན།

  • མཚོ་སྔོན་གྱིས་ཞིབ་སྲོལ་བཏོན་པ་སྟེ། གསར་གཏོད་ཅན་གྱི་ཁེ་ལས་ཆུང་འབྲིང་དུ་གཏན་འཁེལ་བྱས་པའི་ཁེ་ལས་རིགས་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི20སྤྲོད་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད་དང་ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཅང་ཞིའི་ནུབ་བྱང་རྒྱུད། ཧེ་ལུང་ཅང་གི་ཤར་རྒྱུད། ཅི་ལིན་དབུས་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་ཧུའུ་ནན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་རེད།

微信图片_20230516084204.jpg


མཉམ་སྤྱོད།