མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས16ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

​འབྲོག་པའི་གསོ་ཚགས་ར་བས་མདའ་བཞི་བོད་ལུག་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།

2023-05-16 08:57:27   |   222

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་བའི་ལོ་ཤས་རིང་མདའ་བཞི་རྫོང་གིས་བོད་ལུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། ཐོན་སྐྱེད་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཚན་རྩལ་ཁྱབ་གདལ་བེད་སྤྱོད་གཏོང་བ། རྟེན་གཞི་གཏོད་པ་བཅས་ཀྱི་ཐད་ཕན་འབྲས་ལྡན་པའི་ལས་དོན་མང་པོ་སྤེལ་ནས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཐོན་ལས་ཀྱི་ཞིང་འབྲེལ་ཞིང་ལས་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ཡོད། 

ཐོན་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་བཏང་། མཚོ་སྐོར་བོད་ལུག་གསོ་སྤེལ་རྟེན་གཞིའི་ལྟེ་བའི་ཁྱུ་དང་གྲོང་ཚོ་མཉམ་སྡེབ་མཉམ་ལས་ཁང་དུ“ཕྱུགས་རར་གསོ་ཚགས་བྱེད་པའི”བྱེད་སྟངས་འཚོལ་ཞིབ་བྱས་ནས་བོད་ལུག་གསོ་ཚགས་ལག་རྩལ་ཁྱབ་གདལ་བཏང་བ་བརྒྱུད་གསོ་ཚགས་དུད་ཚང་གིས་རྒྱུད་སྤེལ་བྱས་པའི་བོད་ལུག་ལུ་གུར་ཐག་གཅོད་པའི་དུས་མཚམས་སུ་སླེབས་རྗེས། གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་དུ་གཅིག་སྡུད་བྱས་ནས་ཚད་ལྡན་ཅན་གྱི་གསོ་ཚགས་བྱེད་ཀྱི་ཡོད་པ་རེད། ཝ་མགྱོགས་ཡུལ་ཚོ་དང་དཔལ་སྦྱིན་ཡུལ་ཚོ། མཚོ་སྔོན་པོ་ཡུལ་ཚོ་བཅས་སུ་མཚོ་སྐོར་བོད་ལུག་གསོ་སྤེལ་རྟེན་གཞི5སྐྲུན་པ་དང་བོད་ལུག་གི་ལྟེ་བའི་ཁྱུ་ཚོགས200ཙམ་བཙུགས། 

ཕན་འབྲས་ཆེ་བའི་གསོ་སྤེལ་ལག་རྩལ་ཁྱབ་སྤེལ་བྱས་ནས་ཐོན་ལས་ཀྱི་ཡོང་འབབ་འཕར་སྣོན་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་།  ཞིང་ཆེན་དང་ཁུལ་གྱི་ཚན་ཞིབ་ཚན་པའི་དབར་གྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཆེད་ལས་མཉམ་ལས་རྩ་འཛུགས་གཞི་རྟེན་དུ་བྱས་ནས་བོད་ལུག“ལོ་གཉིས་ལ་ལུ་གུ་གསུམ”དང་།“བོད་ལུག་ལུ་གུ་མང་པོ་སྐྱེ་པའི་གསོ་འཕེལ་ལག་རྩལ”“ལུ་གུ་སྔ་མོ་ནས་འོ་ཐག་གཅོད་པ”“ནོར་གནག་དགུན་དུས་སུ་གཟན་ཆས་ཁ་གསབ”“ནོར་གནག་ལོ་གཅིག་ལ་ཐེངས་གཅིག་སྤེལ་བ”སོགས་ཀྱི་ལག་རྩལ་གཙོ་བོར་བྱེད་པའི་གསོ་ཚགས་ཀྱི་ཆ་ཚང་ལག་རྩལ་ལག་ལེན་དང་ཁྱབ་སྤེལ་བཏང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྩྭ་ཕྱུགས་དོ་སྙོམས་རྒྱུན་འཁྱོངས་ཐུབ་པའི་རྨང་གཞིའི་ཐོག་བོད་ལུག་དང་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཕྱིན་ནས་བོད་ལུག་གསོ་ཚགས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་བ་རེད། 

ཞིང་འབྲེལ་ཞིང་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱས། 2023ལོར་མཚོ་བྱང་ཁུལ་གྱིས་ཅི་ནན་དུ་གཉེར་བའི་ཚོང་འགུགས་མ་འདྲེན་དང་ལེགས་ལྡན་ཁྱད་ལྡན་ཐོན་རྫས་འོས་སྦྱོར་འདུ་ཚོགས་ལ་བརྟེན་ནས་མདའ་བཞི་རྫོང་གི་བོད་རྒྱུད་ལུག་གི་ཞིང་ཆེན་ཕྱི་ནང་དང་ཐ་ན་འཛམ་གླིང་ཐོག་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། འབྲོག་ལས་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག“དེང་རབས་དང་ལྗང་མདོག སྐྱེ་ལྡན། ཕན་ལྡན”བཅས་ཀྱི་འཕེལ་རྒྱས་ནང་དོན་ལ་གཞིགས་ནས“མཚོ་སྐོར་བོད་ལུག”ཐོན་ལས་ལ་དམིགས་ཏེ་ཐོན་ལས་ཀྱི་འབྲེལ་ཐག་ཇེ་རིང་དང་རིན་ཐང་གི་འབྲེལ་ཐག་ཇེ་མཐོར་གཏོང་བ། ཐོན་སྐྱེད་རྟེན་གཞི་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། ཐོན་ལས་མཉམ་འདྲེས་ཀྱི་གཙོ་གཟུགས་སྐྱེད་སྲིང་བྱེད་པ། ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་གསར་གཏོད་བཅས་བྱེད་དགོས། དཔེ་སྟོན་དུད་ཚང་དང་སྡེ་བའི་ཚོགས་པ། ཡུལ་ཚོ་རུ་ཆེད་ལས་གསོ་ཚགས་ར་བ། རྫོང་དུ་གཞི་ཁྱོན་ལྡན་པའི་གསོ་ཚགས་རྟེན་གཞི་བཅས་ཡོད་པའི“ཕྱུགས་འཕེལ་ར་བ་དང་གསོ་སྤེལ”གྱི་བྱེད་སྟངས་ཐོག་ནས་བོད་ལུག་གསོ་ཚགས་ཆེད་ལས་ཅན་དུ་འགྱུར་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ །མདའ་བཞི་ཤང་གྲོང་གི་ཐོན་ལས་གཞན་སྒྱུར་རིམ་སྤོར་དཔེ་སྟོན་སྣེ་ཁྲིད་བཅས་བྱེད་ཀྱི་ཡོད་པ་རེད། “དུད་ཚང་གིས་གསོ་ཚགས་ར་བ་དང་གསོ་ཚགས་བྱེད་པའི”བྱེད་ཐབས་བརྒྱུད“སྐྱེ་ཁམས་སྔོན་ལ་འཇོག་པ་དང་ཕན་འབྲས་ཆེན་པོས་གསོ་ཚགས་བྱེད་པ། རྩྭ་རར་བརྟེན་ནས་ཕྱུགས་རིགས་གཏན་འཁེལ་བྱེད་པ”བཅས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས“འཕར་ཚད་དང་། སྤུས་ཚད་མཐོར་གཏོང་། འབྲེལ་ཐག་གསབ་པ། འདྲེན་རྒྱ་ཆེར་གཏོང”སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྱུགས་རིགས་ཉུང་གཏོང་དང་འབབ་ཆག་མི་ཡོང་འགན་ལེན་བྱེད་པ། གསོ་ཚགས་ལག་རྩལ་ལ་བརྟེན་ནས་དེང་རབས་སྐྱེ་ཁམས་འབྲོག་ལས་ལྗང་མདོག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མཐའ་འཁོར་གྱི་འབྲོག་པར་ཐོན་འཕར་འབབ་འཕར་རྒྱུ་དང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་དགོས། བོད་ལུག་གི་ནུས་ཆེའི་གསོ་ཚགས་ཕྱོགས་བསྡུས་ཆ་ཚང་བའི་ལག་རྩལ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དེས་བོད་ལུག་གི་རྒྱུད་སྤེལ་བྱེད་ཚད་མཐོ་རུ་གཏོང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ཟོག་འདྲེན་ཡུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། 


མཉམ་སྤྱོད།