མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ལྷ་ཁམས་མདོ་ལའི་གསེར་གྱི་མིང་བྱང་ལ་མཐོར་འདེགས་གསར་པ་བྱུང་།

2023-05-16 09:09:35   |   2648

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོའི་ཚུན་དུ། མདོ་ལ་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་པའི་ལས་དོན་ལ་དམ་པོར་དམིགས་ཤིང་། རིག་གནས་གནས་སྐོར་བྱེད་སྒོ་འཆར་འགོད་དང་། རིག་གནས་གནས་སྐོར་ཁྲོམ་ར་བཅོས་སྒྲིག རིག་གནས་གནས་སྐོར་གཟུགས་བརྙན་དྲིལ་སྒྲོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ“ལྷ་ཁམས་མདོ་ལའི”གསེར་གྱི་མིང་བྱང་རྒྱུན་མཐུད་ངང་གསལ་པོ་བཟོས་ནས་ཧུར་ཐག་གིས་རིག་གནས་གནས་སྐོར་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། རིག་གནས་གནས་སྐོར་གྱི་བྱེད་སྒོས“ལྷ་ཁམས་མདོ་ལར”འོད་སྣང་སྦྱིན། “ལྷ་ཁམས་མདོ་ལའི”སྐྱེ་ཁམས་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ལྷ་ཁམས་མདོ་ལའི“ལོ་བརྒྱ་མཉམ་རོལ། མདོ་ལའི་ལེགས་འབུལ”གྱི་རིག་གནས་གནས་སྐོར་ཚོང་ཟོག་འགྲན་སྡུར་ཆེན་མོ་སྐབས་བཞི་པ་དང་། མདོ་ལ་རྫོང་གྲོང་གསེབ་གནས་སྐོར“གངས་འཁྱག་མེ་ལྕེ·དགུན་ཤ་འོ་ཇའི”ཟས་མཆོག་དུས་སྟོན། ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང---མདོ་ལ་རིང་མོའི་སྐྱེ་ཁམས་རིག་གནས་གནས་སྐོར་དུས་སྟོན། 5·19ཀྲུང་གོའི་གནས་སྐོར་དྲིལ་སྒྲོག་ཉིན་མོ། “དམངས་ཡོངས་འགུལ་བསྐྱོད—ན་གཞོན་དྲ་ལམ་སྤྱི་ཕན་རི་མོ་འགྲེམ་སྟོན”སོགས་དྲ་ལམ་དྲ་ཕྱི་ཟུང་འབྲེལ་གྱི་གལ་ཆེའི་ཁྱད་ལྡན་རིག་རྩལ་གནས་སྐོར་བྱེད་སྒོ་ཐེངས60ལྷག་རྒྱལ་ཁའི་ངང་སྤེལ། དམངས་ཡོངས་དཔེ་ཀློག་དང་། རིག་རྩལ་གཤམ་སྐྱེལ། ཟློས་གར་གྲོང་གསེབ་ཏུ་སྤེལ་བ་སོགས་རྒྱུན་རྣམ་ཅན་གྱི་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་སྣ་ཚོགས་ཐེངས400ལྷག་སྤེལ་ཞིང་། མང་ཚོགས་མི་ཐེངས་ཁྲི་ལྷག་ལ་ཕན་པ་བསྐྲུན། བློ་གྲོས་རིགས་བསྒྱུར་ལ་བརྟེན་ནས“ལྷ་ཁམས་མདོ་ལ”དྲིལ་སྒྲོག་བྱས། རྫོང་ཡོངས་ཀྱི་གཙོ་གནད་མཛེས་ལྗོངས་ཁུལ་དང་། ཁྱད་ལྡན་རིག་གནས་གནས་སྐོར་ཁེ་ལས། གནས་སྐོར་སྣེ་ཤན་པ། དེ་བཞིན་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཅས་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྔ་རྗེས་སུ་ཀན་སུའུ་འབྲོང་ཡུལ་དང་ཅིན་ཁྲང་། ཝུའུ་ཝེ། ཧྲན་ཏུང་པིན་ཀྲོའུ་སོགས་སུ་ཕྱིན་ཏེ“ལྷ་ཁམས་མདོ་ལའི”རིག་གནས་གནས་སྐོར་གྱི་སྤུས་རྟགས་དྲིལ་སྒྲོག་དང་འོས་སྦྱོར་བྱས། རིག་གནས་གནས་སྐོར་གྱི་མདོ་ལ་དང་ལྷ་ཁམས་མདོ་ལ། མདོ་ལ་མྱུལ་བ་སོགས་ཀྱི་འཁྱུག་དབྱིངས་དང་སྐད་འཕྲིན་སྤྱི་རྟགས་རིམ་སྤོར་ལེགས་སྒྱུར་བཏང་། ལྷ་ཁམས་མདོ་ལའི“དུས་གཟེར་ཉེར་བཞི”དང“དགུན་དུས་མདོ་ལའི་ལྕེ་ཐོག་གི་ཟས་མཆོག”སོགས་ཁྱད་ལྡན་ནང་དོན་དུ་བྱས་པའི་བརྙན་ཐུང་གསར་གཏོད་བརྙན་ཕབ་བྱས་ཤིང་། རིག་གནས་གནས་སྐོར་དྲིལ་སྒྲོག་བརྙན《ལྷ་ཁམས་མདོ་ལ—སྙན་ངག་དང་རྒྱང་རིང་གི་ཁྱིམ་གཞིས》སྒྲིག་བཟོ་ཁྱབ་སྒྲོག་བྱས་པས། “ལྷ་ཁམས་མདོ་ལའི”ཤེས་རྟོགས་ཚད་སྔར་བས་མཐོར་འདེགས་སུ་བཏང་། ཁྲོམ་ར་གཙང་བཟོ་བྱས་ནས“ལྷ་ཁམས་མདོ་ལ”སྲུང་སྐྱོང་བྱས། རིག་གནས་གནས་སྐོར་ཁྲོམ་རའི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ཞིང་། རྫོང་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་གྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ། རྫོང་ཡོངས་ཀྱི་རིག་གནས་གནས་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དུས་མཚམས་གལ་ཆེན་གྱི་རིག་གནས་གནས་སྐོར་ཁྲོམ་ར་ཚད་ལྡན་དང་གོ་རིམ་ལྡན་པའི་འགན་ལེན་བྱས་ཏེ་ལས་འཛོལ་བྱུང་བར་སྔོན་འགོག་བྱས། ན་ནིང་ཚུན་དུ། རིག་གནས་གནས་སྐོར་ཁྲོམ་རའི་གཉེར་སྐྱོང་ཚན་པ་ཁག800ལྷག་ལ་ཞིབ་བཤེར་བྱས་ཤིང་། རིག་གནས་གནས་སྐོར་ཁྲོམ་རར་ལྟ་སྐུལ་ཞིབ་བཤེར་ཐེངས1500ལྷག་ཙམ་བྱས། ཁྲིམས་འཛིན་མི་སྣ་མི་ཐེངས550ལྷག་བཏང་།


ཡིག་སྒྱུར། འཕགས་མོ་སྒྲོལ་མ།


མཉམ་སྤྱོད།