མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས16ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་དུ་གེ་སར་རིག་གནས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

2023-05-17 08:48:32   |   1266

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ5བའི་ཚེས16ཉིན། མཚོ་བྱང་ཁུལ་གྱི་གེ་སར་རིག་གནས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ། ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་དང་། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་གཉིས་ཀྱིས་ཤིས་ཚིག་ཕུལ་ནས་སྒོ་བྱང་བཀལ། ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་དང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། དེ་བཞིན་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།    

微信图片_20230517084705.jpg

མེ་སྒྲོན་གྱིས་ཤིས་ཚིག་ཕུལ་སྐབས་མཚོ་བྱང་ཁུལ་དུ“གེ་སར་རིག་གནས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞི”བཙུགས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང《གེ་སར་སྒྲུང》གི་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་ཡིན་པས། མཚོ་བྱང་ཁུལ་གྱི《གེ་སར་སྒྲུང》དང་དེ་བཞིན་དེ་ལས་ཐོན་པའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་བྱ་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅིང་།《གེ་སར་སྒྲུང》གི་ལོ་རྒྱུས་སྙན་ངག་ལ་བརྟེན་ནས་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་། མཚོ་བྱང་གི་ཕུལ་བྱུང་མི་རིགས་སྲོལ་རྒྱུན་རིག་གནས་དྲིལ་སྒྲོག་དང་དར་སྤེལ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་བཅས་ལ་ཞབས་འདེགས་བྱས་ནས《གེ་སར་སྒྲུང》དེ་མཚོ་བྱང་ཁུལ་གྱི་ཤུགས་རྐྱེན་ངེས་ཅན་ལྡན་པའི་རིག་གནས་ཆས་རྟགས་སུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་པར་བཤད།     

2.jpg

མགོན་པོ་ཚེ་བརྟན་གྱིས་ཤིས་ཚིག་ཕུལ་སྐབས་འབྲེལ་ཡོད་སྡེ་ཁག་དང་རྩ་འཛུགས། མི་སྣ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གེ་སར་སྒྲུང་སོགས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་གེ་སར་རིག་གནས་ལ་གཅེས་སྤྲས་དང་སྲུང་སྐྱོབ་ཡག་པོ་བྱས་ཏེ་གེ་སར་རིག་གནས་ཀྱི་སྒྱུ་རྩལ་པ་དང་གེ་སར་རིག་གནས་ཀྱི་ཡིག་ཆ། གེ་སར་རིག་གནས་ཀྱི་རྩོམ་ཡིག་བཅས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ནས་གེ་སར་རིག་གནས་ཟམ་མི་ཆད་པར་སྔོག་འདོན་དང་རྒྱུན་འཛིན་ཡག་པོ་བྱས་ཏེ་རིག་གནས་ཀྱི་གདེང་ཚོད་དང་རང་སྟོབས་འཕེལ་ཐུབ་པ་བྱེད་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་གེ་སར་རིག་གནས་སྔོག་འདོན་དང་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད། རིག་གནས་མཚོ་བྱང་འཛུགས་སྐྲུན་ལ་རོགས་སྐྱོར་བཅས་བྱེད་པར་ཁ་ཕྱོགས་འདོན་སྤྲོད་བྱེད་དགོས་པར་བཤད།     

དབང་ཆེན་དོན་འགྲུབ་ཀྱིས་སྒྱུར།


མཉམ་སྤྱོད།