མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-17 08:56:50   |   171

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཞི་པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས5.6%འཕར་ཏེ། ཟླ་གོང་མ་ལས་བརྒྱ་ཆའི་གཞི་གྲངས1.7མགྱོགས་སུ་ཕྱིན་ཡོད། 

  • ཉེ་ཆར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་འདས་ས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་མགོ་བརྩམས།  

  • དམངས་སྤྱོད་མཁའ་འགྲུལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཞི་པར་རྒྱལ་ནང་གི་མཁའ་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་གཞི་ཁྱོན་དེ་རིམས་ནད་མ་བྱུང་གོང་གི་ཆུ་ཚད་ལས་བརྒལ་ཏེ2019ལོ་དང་བསྡུར་ན3.4%འཕར་སྣོན་བྱུང་།

  • ཟླ་བཞི་པར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར34910ཡིན་པ་དང་ལོ་གོང་མ་ལས18.4%འཕར་སྣོན་བྱུང་། 

  • ད་ལོའི་ལོ་ཟླ་བཞི་པར་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་སོ་སོར་སྒོར་ཁྲི64དང་ཁྲི63.6ལྷག་ཐོན་ཡོད་པ་དང་། ཁྲོམ་རའི་བཟུང་ཚད29.5%ཟིན་ཡོད།

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་བཟོས་པའི་འཁོར་སྐར་རྒྱང་ཚོར་བརྙན་པར་རང་བརྟེན་འགན་ལེན་བྱེད་ཚད90%ཡན་ལ་སླེབས་ཡོད། 

  • ཚེས16ཉིན་ཀྲུང་གོ་མི་བཞགས་མཁའ་སྐྱོད་བཟོ་སྐྲུན་གཞུང་དོན་ཁང་གིས་སྤྱི་བསྒྲགས་སྤེལ་ཏེ་བར་སྣང་ས་ཚིགས་ཀྱི་མ་གནས་དམའ་བའི་དངོས་ཟོག་སྐྱེལ་འདྲེན་མ་ལག་གི་སྤྱིའི་ཇུས་གཞི་ཡོངས་བསྒྲགས་ངང་བསྡུ་རུབ་བྱས།

  • མིག་སྔའི་བར་ལྷོ་ཆུ་བྱང་འདྲེན་གྱི་ཤར་དབུས་རྒྱུད་ཀྱི་ལས་གྲྭ་སྐབས་དང་པོའི་ས་ཁྱོན་བསྡོམས་པས་བྱང་ཕྱོགས་སུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར620ལྷག་དྲངས་ནས་མི་འབོར་དུང་ཕྱུར་1.5ལྷག་ཙམ་ལ་ཐད་ཀར་ཕན་པ་བསྐྲུན་ཡོད།

微信图片_20230517093511.jpg

  • ཨ་རིའི་དམག་དཔུང་ཐའེ་ཝན་དུ་ཡོང་ནས་ཐའེ་ཝན་གྱི་དམག་དཔུང་ལ་སྦྱོང་བརྡར་བྱེད་རོགས་བྱེད་པར་རང་རེའི་རྒྱལ་སྲུང་པུ་ཡིས་འདི་ལྟར་ལན་བཏབ་པ་སྟེ། དེ་ནི་ནོར་འཁྲུལ་ཧ་ཅང་ཆེན་པོ་དང་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པས་ཀྲུང་གོའི་ཕྱོགས་ཀྱིས་ཡི་རང་གཏན་ནས་མི་བྱེད་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པར་མ་ཟད། ཨ་རིའི་ཕྱོགས་ལ་སྐད་ཆ་ནན་པོ་བཤད་རྒྱུ་ཡིན། 

  • རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཨང་རིམ་གསར་ཤོས་ཁྱབ་བསྒྲགས་བྱས་ཏེ་རང་རྒྱལ་ཀྱི་ཕིང་ཕང་སྤོ་ལོའི་རྣམ་གྲངས་ལྔ་འཛམ་གླིང་གི་ཨང་རིམ་དང་པོར་སླེབས་ཡོད་པ་རེད།

སྤྱི་ཚོགས།

微信图片_20230517093517.jpg

  • དེ་རིང་། ཨན་ཧུའེ་དང་ཅང་ཞི། ཧུའུ་ནན་སོགས་སུ་ཆར་པ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། ལིའོ་ཉིང་དང་ཧོ་པེ། པེ་ཅིང་སོགས་སུ་རིམ་པ8-10ཡི་དྲག་ཆར་དང་རླུང་ཆེན་ཡང་ན་སེར་བ་སོགས་ཡོད། 

微信图片_20230517093525.jpg

  • ཚེས16ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར380དང་སྒོར365མར་ཆག་ཡོད། 

  • སྤྱི་བདེ་པུས་ཉེ་ཆར་ཆེད་དོན་བྱ་སྤྱོད་སྤེལ་ནས་འཆལ་གཏམ་བཤད་པ་དང་དཀྲོག་གཏམ་བཟོ་བའི་དྲ་རྒྱའི་རྩིས་ཐོའི་ཨང་གྲངས2000ལྷག་སྒོ་རྒྱག་ཏུ་བཅུག་སྟེ་སྐད་ཆ་བཤད་པ་བཀག 

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་ཀླད་པའི་སྤྱིན་རྫས་སྐྲན་རིམས་འགོག་པའི་བཅོས་ཐབས་གསར་བ་རྙེད།

  • ལོ་གསུམ་རིང་གིས་ལེགས་སྒྲིག་བྱས་པ་བརྒྱུད། ཝུན་ཧྲུའོ་ཀོས《མཛོད་བཞིའི་ཀུན་འཛོམས》ཞེས་པའི་དཔེ་རྙིང་གི་དཔར་མ་ཚེས15ཉིན་དངོས་སུ་འགྲེམ་སྤེལ་བྱས།

微信图片_20230517093531.jpg

  • ནང་སོག་གི་ཨ་ལུའུ་ཁོར་ཆིན་ཆི་རུ་སྔོན་ཆད་ཕྱི་རོལ་གྱི་ནུས་པ་ཉམས་པར་ངོས་འཛིན་བྱེད་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་སྟེ་སོག་པོའི་ཡུས་ཅིན་ཞང(郁金香)ཞེས་པ་རྙེད།

སྲིད་ཇུས།

  • ཐེན་ཅིན་གྱིས་དམངས་གཉེར་འོས་འགན་སློབ་གསོའི་སློབ་གྲྭས་སློབ་མ་བསྡུ་རྒྱུ་དེ་ཞིབ་མཆན་འགོད་ཡུལ་དུ་བཅུག་ནས་གཅིག་གྱུར་དོ་དམ་བྱས་ཏེ་གཞུང་བཙུགས་སློབ་གྲྭ་དང་མཉམ་དུ་སློབ་མ་བསྡུ་རྒྱུ་ཁ་གསལ་བྱས།

  • ཅང་སུའུ་ཡིས་བརྡ་ཐོ་སྤེལ་ཏེ། མི་རེ་ལོ་རེར་ལས་རིགས་གསོ་སྦྱོང་གི་ཁ་གསབ་ཐེངས་གསུམ་ལས་མི་བརྒལ་བ་ལོངས་སྤྱོད་བྱེད་ཆོག་པ་བསྟན།

  • ཉིང་ཞ་ཡིས་འཛུགས་སྐྲུན་ལས་གྲྭའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རྒྱུ་ཆ་རྫུན་བཟོ་དང་མགོ་སྐོར་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་རྟོག་དམ་ཁེ་ལས་ཀྱི་ཐོབ་ཐང་ཐོབ་པ་སོགས་ཀྱི་བྱ་སྤྱོད་རིགས་བཞི“ཐོ་གཞུང་ནག་པོའི”ནང་འཇུག་རྒྱུ་ཡིན་ཞེས་གཏན་འབེབས་གསལ་པོར་བྱས།

འཚོ་བའི་དྲན་སྐུལ།

微信图片_20230517093536.jpg

  • དེ་རིང་གི་གནམ་གཤིས། ཨན་ཧུའེ་ལྷོ་རྒྱུད་དང་ཅང་ཞིའི་དབུས་བྱང་རྒྱུད། ཧུའུ་ནན་ཤར་རྒྱུད་དང་ལྷོ་རྒྱུད། ཀྲེ་ཅང་། ཧྥུ་ཅན་གྱི་ནུབ་བྱང་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་བཅས་དང་དེ་བཞིན་ཅི་ལིན་གྱི་དབུས་ཤར་རྒྱུད་དང་། ལེའོ་ཉིང་བྱང་རྒྱུད། ཧོ་པེའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་ལ་དྲག་ཆར་འབབ་རྒྱུ་རེད།

  • རྒྱུགས་སྤྲོད། 2023ལོའི་ལོ་སྟོད་དུ་རྩིས་འཁོར་ལག་རྩལ་དང་མཉེན་ཆས་ཆེད་ལས་ལག་རྩལ་ཐོབ་ཐང(ཆུ་ཚད)གི་རྒྱུགས་སྤྲོད་པའི་དུས་ཚོད་ནི་ཟླ་འདིའི་ཚེས27དང28ཡིན།

  • ཧྲང་ཧའེ། ཚེས18ཉིན་ནི་རྒྱལ་སྤྱིའི་རྟེན་མཛོད་ཁང་གི་ཉིན་མོ་ཡིན་ཏེ། ཧྲང་ཧའེ་ཀྲུང་གོ་མཚོ་འགྲུལ་རྟེན་མཛོད་ཁང་དང་། ཧྲང་ཧའེ་རླངས་འཁོར་རྟེན་མཛོད་ཁང་། ཧྲང་ཧའེ་ཤེལ་སྒོ་རྟེན་མཛོད་ཁང་སོགས་ཁྱོན་བསྡོམས་རྟེན་མཛོད་ཁང125ལྷག་ལ་རིན་མི་དགོས་པ་དང་ཡང་ན་གོང་བདེ་བའི་སྒོ་ནས་སྒོ་འབྱེད་རྒྱུ་རེད། 


མཉམ་སྤྱོད།