མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདོ་ལའི་ཁྱད་ལྡན་སྒྲོག་འགྲེལ་ལ་གཡུར་ཟའི་གྲུབ་འབྲས་བླངས།

2023-05-17 11:57:37   |   3450

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་བསམ་བློ་སྒྲོག་པ་དང་སྲིད་ཇུས་སྒྲོག་པ། ཚན་རྩལ་སྒྲོག་པ། བཅའ་ཁྲིམས་སྒྲོག་པ། རིག་གནས་སྒྲོག་པ། ཀུན་སྤྱོད་སྒྲོག་པ། དྲིན་ལན་སྒྲོག་པ་བཅས“སྒྲོག་པ་བདུན”གྱི་གཞི་རྩའི་རྩལ་ནུས་ལེགས་པོར་སྤྱད་ཅིང་། “ལེགས་པ་དང་གསར་བ། གནད་ལ་འཁེལ་བ”བཅས་ཀྱི“མན་ངག་གསུམ”ཡག་པོ་བཏོན་ནས་རྫོང་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ཁྲོད་ནས“འཚོ་བཅུད་ལེན་པ”ཁག་ཐེག་བྱས་ཏེ་ལས་དོན་ལ་ཁ་ཕྱོགས་ལྡན་པ་དང་བསམ་ཕྱོགས་ལྡན་པ། འཇོན་ཐང་ལྡན་པ། སྒྲིག་ལམ་ལྡན་པ། གསོན་ཤུགས་ལྡན་པ། སྙིང་སྟོབས་ལྡན་པ། སྤྲོ་སེམས་ལྡན་པ་བཅས་མངོན་འགྱུར་བྱས། 

གཞི་རིམ་ལ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་ཁྱོན་ཆེ་བ་དང་མང་ཚོགས་ཀྱི་རིམ་པ་སྣ་མང་། དགོས་མཁོ་མི་འདྲ་བ་བཅས་ཀྱི་དོན་དངོས་ལ་དམིགས་ནས་མདོ་ལ་རྫོང་གིས་རིམ་པ་དབྱེ་ནས“རྒན་གསུམ་མི་སྣའི”སྒྲོག་འགྲེལ་ཚོགས་པ་དང་། ཀུན་སྤྱོད་ཀྱི་སྟོབས་ཤུགས་སྒྲོག་འགྲེལ་ཚོགས་པ། རྟ་ཐོག་དཔེ་མཛོད་ཁང་གི་སྒྲོག་འགྲེལ་རུ་ཁག “ལྷ་ཁམས”གཞོན་ནུའི་རིག་རྩལ་བཅིབས་དམག བོད་རྒྱ་སྐད་གཉིས་གཞོན་ནུའི་སྒྲོག་འགྲེལ་ཚོགས་པ་སོགས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དཔུང་ཁག་བཙུགས་ཡོད་ཅིང་། རྒྱ་ཁྱབ་ངང་དཔུང་ཁག་ཆུང་ངུ་དང་། བརྗོད་གཞི་ཆུང་ངུ་། ཁྱབ་རྒྱ་ཆུང་ངུ་། ཚོགས་ར་ཆུང་ངུ་། དུས་སྐབས་ཐུང་ངུའི“ཐུང་བ་ལྔ”ཡི་སྒྲོག་འགྲེལ་བྱེད་སྒོ་སྤེལ། སྒྲོག་འགྲེལ་འཁྲིད་སྟེགས་ཏང་ཡོན་བྱེད་སྒོ་ཁང་དང་། རོང་འབྲོག་པའི་ཁྱིམ་ར། ཞིང་སའི་བར། སྡོད་དམངས་སྡོད་ཤག རིག་གནས་ཐང་ཆེན་སོགས་སུ་སྤར་ཏེ། སྒྲོག་འགྲེལ་བྱེད་སྒོའི་གསབ་ཞུགས་རང་བཞིན་དང་ཤེས་རྟོགས་ཚད་མཐོར་འདེགས་སུ་བཏང་། 

སྒྲོག་འགྲེལ་གྱི་རྣམ་པ་དང་ཐབས་ལམ་ཐད་རྫོང་གིས་སྒྲོག་འགྲེལ་གྱི་དགོས་མཁོ་དང་། སྒྲོག་འགྲེལ་གྱི་གཞི་རྟེན། སྒྲོག་འགྲེལ་རྣམ་པ། སྒྲོག་འགྲེལ་ཕན་འབྲས་སོགས་ལྷུ་ཚིགས་ཁག་ནས་མགོ་བཙུགས་ཏེ་གོ་བདེ་ཤེས་སླའི་སྐད་ཆ་དང་གསོན་ཉམས་དོད་པའི་རྣམ་པ་མཐའ་འཁྱོངས་ཀྱིས་གཡུལ་སའི་སྒྲོག་འགྲེལ་དང་སྐོར་སྐྱོད་སྒྲོག་འགྲེལ་ཕན་ཚུན་ཟུང་འབྲེལ་དང་། ཆེད་མཁས་ཅན་གྱི་སྒྲོག་འགྲེལ་དང་དམངས་ཀྱི་སྒྲོག་འགྲེལ་ཟུང་འབྲེལ། ཕྱོགས་རྐྱང་པའི་སློབ་ཁྲིད་དང་ཕན་ཚུན་སྤེལ་རེས་ཟུང་འབྲེལ་བཅས་བྱས་ཡོད། 

དྲ་ལམ་དུ་ལངས་གཟུགས་ཅན་གྱི་གཞུང་ལུགས་བརྒྱུད་སྤེལ་གྱི་དཔུང་ཁག་བསྐྲུན་ནས《བར་སྣང་སློབ་ཁྲིད》དང་། 《དྲ་ལམ་སློབ་ཁྲིད》《མདོ་ལ་རིང་མོའི་འདབས་ཀྱི་ཏང་དར་དམར》སོགས་ཆེད་སྒྲིག་ལེ་ཚན་མུ་མཐུད་དུ་བཏོད་ཅིང་། 《ཐུའེ་སྡེ་དཔོན་གྱི་དུང་ཆེན》སོགས་ཀྱི་ཆེད་དོན་བརྗོད་གཞི་རྩོམ་སྒྲིག་བྱས། དྲ་ཕྱི་རུ་ལས་དོན་བར་མཐོངས་རྒྱ་ཆེར་བཏང་སྟེ“མདོ་ལ་རིང་མོའི་འཆད་ཁྲིད་ཆེན་མོ”ཡུལ་གྲོང་དང་སྡེ་ཚན་དུ་སྣུར་སྲིང་བྱས་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་རླངས་འཁོར་དང་། དཔལ་ཡོན་ཁེབས་ཡོད་རླངས་འཁོར། ཚན་རྩལ་ཁེབས་ཡོད་རླངས་འཁོར། སྐོར་སྐྱོད་དྲིལ་སྒྲོག་རླངས་འཁོར་སོགས་བསྡུ་སྒྲིལ་བྱས་ཏེ་གཅིག་སྡུད་རྣམ་པའི་དྲིལ་སྒྲོག་དཔུང་ཁག་བསྐྲུན། གཞུང་ལུགས་དང་སྲིད་ཇུས་ཀྱི་གཙོ་གནད་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚ་གནད། མང་ཚོགས་ཀྱིས་དོ་ཁུར་བྱེད་ས་སོགས་ལ་དམ་པོར་དམིགས་ནས་ལས་བྱེད་པ་དང་མང་ཚོགས་ཀྱིས་ཉན་དགའ་བའི“བློ་ཉེ་བའི་གཏམ”དང“མཛའ་མཐུན་གཏམ”ལ་བརྟེན་ནས་ཏང་གི་གཞུང་ལུགས་སྲིད་ཇུས་དང་སྔོན་ཐོན་རིག་གནས་མདོར་བསྡུས་གནད་འདུས་དང་གཟུགས་བརྙན་དོད་པའི་སྒོ་ནས་མཚོན་པར་བྱས་ཏེ་སྒྲོག་འགྲེལ་ལས་དོན་དེ“ང་ལ་སློབ་པ”ནས“ངས་སློབ་དགོས”ཞེས་པར་གྱུར། 

མདོ་ལ་རྫོང་གིས“རྒན་གསུམ་མི་སྣའི”སྒྲོག་འགྲེལ་ཚོགས་པ་མང་ཚོགས་ཀྱི་ཁྲོད་སྙན་གྲགས་ཆེ་བ་དང་། བརྩེ་དུང་ཟབ་པ། སྤེལ་རེས་བྱེད་སླ་བ་བཅས་དང་། རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཆ་འཕྲིན་འཕྲོད་དཀའ་བའི་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་སྐྱོད་ཐུབ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་སྒོས། “རྒན་གསུམ་མི་སྣའི”སྒྲོག་འགྲེལ་ཚོགས་པ་དང་རྟ་ཐོག་སྒྲོག་འགྲེལ་རུ་ཁག་སྒྲིག་འཛུགས་བྱས་ནས་གནས་གཏན་སྒྲོག་འགྲེལ་དང་ཁྱིམ་ཚང་གི་སྒོ་ནང་དུ་སྐྱོད་པ། ཞིང་བར། རི་ལྡེབས་སྦྲ་གུར། རྩྭ་ཐང་སློབ་ཁྲིད་སོགས་ཟུང་འབྲེལ་གྱི“བར་ཐག་སྟོང་བའི”སྤེལ་རེས་རྣམ་པ་སྤྱད་ཅིང་། དམིགས་ཡུལ་ཡོད་པའི་སྒོ་ནས་སྒྲོག་འགྲེལ་ཆེད་དོན་བརྗོད་གཞི་ཞིབ་དབྱེ། དངོས་གནས་མང་ཚོགས་ཀྱི“འདོད་བློ”ཚིམ་པར་བྱས། ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཐབས་ཀྱི་སྒྲོག་འགྲེལ་དང་། མང་ཚོགས་ཀྱི་འཚོ་བའི་ཐོན་སྐྱེད་དང་འབྲེལ་བ་དམ་ཟབ་ལྡན་པའི་སྡོད་ཁང་དང་སྨན་བཅོས། འདེབས་འཛུགས་གསོ་སྤེལ། ལས་ཞུགས་སོགས་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱས།

ཉེ་བའི་ལོ་འདི་དག་གི་རིང་། མདོ་ལའི་རིགས་སོ་སོའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་རིམ་རྩིས་བྱས་ན་ལས་ཁུངས་དང་ཡུལ་གྲོང(སྡེ་བ་དང་སྡེ་ཁུལ)དུ་བསྐྱོད་དེ་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་ཐེངས(ཐེངས)600ལྷག་སྤེལ་བ་དང་། ཁྱིམ་ཚང5200ལྷག་མྱུལ། རིམ་རྩིས་བྱས་ན་སློབ་གསོ་ཐེབས་མཁན་མི་ཐེངས་ཁྲི12ལྷག(ཐེངས)ལས་བརྒལ་ཡོད། མདོ་ལ་རྫོང་གི“རྒན་གསུམ་མི་སྣའི”སྒྲོག་འགྲེལ་ཚོགས་པ་ཀྲུང་དབྱང་དྲིལ་སྒྲོག་པུས“གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་སྔོན་ཐོན་ཐུན་མོང”ལ་བདམས་པ་དང་། རྫོང་མི་རིགས་གླུ་གར་ཚོགས་པ་རྒྱལ་ཡོངས་ཀྱི་ཞབས་ཞུ་གཉིས་ཀྱི་སྔོན་ཐོན་ཐུན་མོང་ལ་བདམས་ཡོད།


མཉམ་སྤྱོད།