དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-18 09:38:15   |   281

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

微信图片_20230518092356.jpg

  •    ཚེས17ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞི་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གཙོ་སྐྱོང་གནང་ཁར་ཧྲན་ཞི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་ཆེད་མངགས་གསན་པ་དང་གསུང་བཤད་གལ་ཆེན་གནང་།

微信图片_20230518092402.jpg

  •     ཚེས17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ཞུགས་པ་དང་མཉམ་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧ་སག་སི་ཐན་གྱི་(哈萨克斯坦)ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ་དང་གྲོས་མོལ་གནང་།

  •     ཞི་ཅིན་ཕིང་གིས་རྒྱལ་ཁོངས་ཀྲུང་གོ་ཡིན་པའི་རྒྱང་རིང་རྒྱ་མཚོའི་ཉ་གྲུ་ཞིག་ཧིན་རྡུ་རྒྱ་མཚོ་ཆེན་པོའི་དབུས་རྒྱུད་མཚོ་ཁུལ་དུ་མགོ་རྟིང་ལོག་པའི་ཐད་མཛུབ་སྟོན་གལ་ཆེན་གནང་། 

  •     ཉེ་ཆར། རྒྱལ་ཁབ་འཕེལ་བཅོས་ཨུ་ལྷན་དང་རྒྱལ་ཁབ་ནུས་ཁུངས་ཅུ་ཡིས་བསམ་འཆར་བཏོན་ནས་གྲོང་གསེབ་ས་ཁུལ་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་དང་བེད་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་གནང་།

  •     ཚེས17ཉིན་རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར། ཟླ་བཞི་པར་ཚོང་ཟོག་སྡོད་ཁང་ཕྱིར་འཚོང་གི་རིན་གོང་ཟླ་བ་གོང་མ་ལས་འཕར་ཚད་ཧྲིལ་པོ་མར་ཆག་འདུག

  •     ཉེ་ཆར། ནོར་སྲིད་པུས2023ལོའི་འོས་འགན་སློབ་གསོའི་འབྲེལ་ཡོད་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར2274(དགེ་རྒན་གྱི་གླ་ཕོགས་ཚུད་མེད)གཤམ་སྤྲོད་བྱས་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར148འཕར།

微信图片_20230518092409.jpg

  •    ཚེས17ཉིན་གྱི་ཆུ་ཚོད10:49སྟེང་།  རང་རྒྱལ་གྱིས་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་བྱང་སྐར་ཕྱོགས་སྟོན་འཁོར་སྐར་ཨང56པ་བདེ་བླག་ངང་འཕེན་གཏོང་བྱས།

  •    ཚེས17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས་དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་དེ་ནི་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་གི་འཇིགས་སྐུལ་ངོ་མ་ཞིག་ཡིན་ཅེས་བཤད།

  •    ཚེས16ཉིན། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུས་སྙན་ཞུ་ཁྱབ་བསྒྲགས་སྤེལ་ཏེ། 2023ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་དེ་ལོ་འགོར་སྔོན་དཔག་བྱས་པའི4.8%ནས5.3%བར་མཐོ་རུ་བཏང་།      

སྤྱི་ཚོགས།

  •   པེ་ཅིང་དང། ཝུའུ་ཧན། ཧང་ཀྲོའུ་སོགས་ས་གནས་མང་པོའི་དམངས་སྲིད་སྡེ་ཁག་གིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་ཏེ། ཟླ5ཚེས20ཉིན་གྱི་ཞབས་ཞུའི་དུས་ཚོད་རིང་དུ་བཏང་ནས་གྲོང་མིའི་གཉེན་སྒྲིག་ཐོ་འགོད་ཀྱི་དགོས་མཁོ་སྐོང་རྒྱུ་རེད།

  •   རང་རྒྱལ་གྱིས5Gདྲ་རྒྱ་མི་འདྲ་བའི་འགྲུལ་བཞུད་ཚོད་ལྟ་བྱེད་མགོ་ཚུགས། ཁོངས་གཏོགས་གཉེར་སྐྱོང་ཚོང་པར5Gདྲ་རྒྱ་ཁྱབ་མེད་པའི་སྐབས་སུ་སྤྱོད་མཁན་གྱིས་གཉེར་སྐྱོང་ཚོང་པ་གཞན་དག་གི5Gདྲ་རྒྱ་དང་འབྲེལ་མཐུད་བྱས་ནས་མུ་མཐུད་སྤྱོད་ཆོག

微信图片_20230518092414.jpg

  •  པེ་ཅིང་ཁྲའོ་དབྱང་སྤྱི་བདེ་ཡིས་བརྡ་ཁྱབ་སྤེལ་ཏེ།  འཁྲབ་སྟོན་པ་ལི་ཆེ་གེ་མོས་འཁྲབ་སྟོན་བྱེད་རིམ་ཁྲོད་མི་དམངས་དམག་དཔུང་ལ་དམའ་འབེབས་ཚབས་ཆེན་བྱས་པས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་ཏེ་བརྟག་དཔྱད་བྱས།

  •  རང་རྒྱལ་གྱི་མཁས་པས་ཕྲ་ཕུང་ལ་བརྟེན་ནས་ཉ་སེར་གྱི་ཉ་ལེབ་འདྲ་བཟོ་གསོ་སྐྱོང་བྱས།   ཉ་ལེབ་འདྲ་བཟོ་ནི་ཉིན17རིང་སྐྱེས་ཤིང་། ཉ་སེར་ངོ་མའི་ཤ་གནད་ཕུང་གྲུབ་དང་ཧ་ཅང་འདྲ།

    སྲིད་ཇུས།

  • ཐེན་ཅིན་གྱིས་མེ་སྐྱོན་ཉེན་ཆེའི་ལུས་ཁུངས་ཀྱི་མེ་འགོག་བདེ་འཇགས་དོ་དམ་ཚད་ལྡན་དུ་བཏང་བ་དང་། ཁེ་ལས་ཀྱི་ལས་མིའི་མཉམ་སྡེབ་ཉལ་ཁང་སོགས་གནས་རིགས8ཀྱི་མཚན་མོའི་མེ་འགོག་སྐོར་ཞིབ་སྒྲིག་འཛུགས་བྱས།

微信图片_20230518092425.jpg

  • ཧྲང་ཧའེ་ཡིས་བྱེད་ཐབས28ཁྱབ་བསྒྲགས་བྱས་ཏེ་ཁེ་ལས་འབྲིང་ཆུང་དང་། ཆེས་ཆུང་གྲས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། གསར་དུ་གཏན་འཁེལ་བྱས་པའི་ཆེད་སྤུས་དམིགས་བསལ་བཅས་ཀྱི་ཁེ་ལས་འབྲིང་ཆུང་ལ་བྱ་དགའ་སྒོར་ཁྲི10ལས་མི་དམའ་བ་སྤྲད།

     འཚོ་བའི་དྲན་སྐུལ།

  •  དེ་རིང་གི་གནམ་གཤིས། ཅི་ལིན་གྱི་ཤར་རྒྱུད་དང་ལེའོ་ཉིང་གི་ཤར་རྒྱུད། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཅང་ཞིའི་ལྷོ་ནུབ་རྒྱུད། ཧྥུ་ཅན་གྱི་ནུབ་རྒྱུད། ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་བར་འབབ་རྒྱུ་ཡིན། དེ་དག་ལས་ཅི་ལིན་གྱི་ཤར་རྒྱུད་དང་། ཅང་ཞིའི་ཤར་ལྷོའི་རྒྱུད། ཧྥུ་ཅན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་རེད།

微信图片_20230518092430.jpg


མཉམ་སྤྱོད།