དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུང་ཡུང་ཧྲིན་གྱིས་མདོ་ལ་ནས་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་གནང་།

2023-05-17 12:33:35   |   2392

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཁུལ་ཨུའི་ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྐྱེལ་བའི“དཔྱིད་རླུང་བྱ་སྤྱོད”ཀྱི་བཀོད་སྒྲིག་དང“1+10”གཞི་རིམ་དང་འབྲེལ་གཏུག་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལམ་སྲོལ་དོན་འཁྱོལ་བྱ་ཆེད། ཟླ5བའི་ཚེས9ནས12ཉིན་བར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་ཡུང་ཧྲིན་མདོ་ལ་རྫོང་དུ་ཕྱིན་ཏེ་ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྐྱེལ་བའི“དཔྱིད་རླུང་བྱ་སྤྱོད”དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། གནས་སྦྲེལ་ཡུལ་གྲོང་དང་། ཁེ་ལས་མདུན་སར་སོང་ནས་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཁེ་ལས་འཕེལ་རྒྱས་ཀྱི་རེ་ཞུ་ལ་ཉན་པ་དང་། དཀའ་གནད་མཐུན་སྦྱོར་ཐག་བཅད་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་བསྣན། མདོ་ལ་རྫོང་གི་འབྲེལ་ཡོད་ཚན་པ་དང་ཡུལ་གྲོང་གི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས།

微信图片_20230517123135.jpg

ལུང་ཡུང་ཧྲིན་སྔ་རྗེས་སུ་རྫ་དམར་ཡུལ་ཚོ་བྱ་ཐང་ཚའེ་ཡུས་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་། བཙུན་མོ་གཞོང་གྲོང་རྡལ་སྟག་སྣ་དགོན་ཝུའུ་དབྱི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་། ཨ་རིག་ཡུལ་ཚོ་ཆུ་འཁོར་སེན་པའོ་གླ་གསོ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་། མདོ་ལ་ཡུས་པིན་ཚོང་དོན་ཚད་ཡོད་ཀུང་སི། མདོ་ལ་མིང་ཡན་བཟོ་ཚོང་ཞབས་ཞུ་ཚད་ཡོད་ཀུང་སི། མདོ་ལ་ཅང་ཡོན་ཁ་ལོ་བའི་སློབ་གྲྭ། ཧུང་ཏཱ་ཁ་ལོ་བའི་སློབ་གྲྭ། ཀུའུ་ལིའང་དམངས་སྲོལ་རིག་གནས་རྡོ་ཆས་གསར་སྤེལ་ཚད་ཡོད་ཀུང་སི་བཅས་ལ་བརྟག་ཞིབ་གནང་། ས་གནས་རེ་རེ་ནས་ལུང་ཡུང་ཧྲིན་གྱིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་དང་། ཁེ་ལས་ཀྱི་མིག་སྔའི་འཕེལ་རྒྱས་ཀྱི་མདུན་ལྗོངས། ཁེ་ལས་འཕེལ་རྒྱས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་སོགས་ཐད་ཀྱི་གནད་དོན་ལ་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་ནན་ཏན་བྱས་ཏེ་ཁེ་ལས་ལ་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་དང་། ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་ལྕག་བྱས། ཨ་རིག་ཡུལ་ཚོའི་ཆུ་འཁོར་སེན་པའོ་གླ་གསོ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་ལུང་ཡུང་ཧྲིན་གྱིས་ཁེ་ལས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ཁོས་གསར་གཏོད་ནི་ཁེ་ལས་འཕེལ་རྒྱས་ཀྱི་འཛད་མེད་སྒུལ་ཤུགས་ཡིན་པས་འཕེལ་རྒྱས་ལ་ཡིད་ཆེས་བརྟན་པོ་དགོས་པ་དང་། གསར་གཏོད་ཧུར་ཐག་འཚོལ་ཞིབ་ཀྱིས་ཆེད་མཁས་ཚོགས་པ་གདན་དྲངས་ཏེ། གསོ་སྤེལ་དང་ཐོན་རྫས་གསར་སྤེལ། ཕྱིར་ཚོང་སོགས་ཀྱི་ལྷུ་ཚིགས་ནང་ཞུགས་སུ་བཅུག་ནས་ཚན་རྩལ་ནང་དོན་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་། ཧུང་ཏཱ་ཁ་ལོ་བའི་སློབ་གྲྭ་ནས་ཁེ་ལས་ཀྱི་དངུལ་བུན་གཏོང་ཚད་འགོར་བའི་གནད་དོན་ལ་དམིགས་ནས་ཡུལ་དངོས་སུ་རྫོང་ནོར་སྲིད་སྡེ་ཚན་དང་ཞིང་ཚོང་དངུལ་ཁང་ལ་མཐུན་སྦྱོར་བྱས་ཏེ་དངུལ་བུན་ཞིབ་མཆན་འགོད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་རྗེས་འདེད་ཞབས་ཞུ་དོན་འཁྱོལ་བྱས་ཏེ་ཁེ་ལས་འཕེལ་རྒྱས་ལ་འདེགས་སྐྱོར་མཁོ་འདོན་བྱས།

微信图片_20230517123139.jpg

བརྟག་ཞིབ་བྱེད་རིང་། ལུང་ཡུང་ཧྲིན་ད་དུང་ཨ་རིག་ཡུལ་ཚོ་དང་། གསེར་ལྡན་མདོ་ལའི་འོ་རྫས། ཡཱ་ཁི་འབྲོག་ལས། མི་ཉག་ཐང་དཀར། ལྷ་ཡུལ་མདོ་ལའི་ཆུའི་འཇིག་རྟེན་བཅས་ལ་བརྟག་ཞིབ་ཏུ་བསྐྱོད། ཨ་རིག་ཡུལ་ཚོ་ནས་ལུང་ཡུང་ཧྲེང་གྱིས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་ཉན་པ་དང་། ཤ་འཚོལ་རི་གྲོང་གི་ཐོན་ལས་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་ནས་བརྟག་ཞིབ་གནང་ཞིང་། ཨ་རིག་ཡུལ་ཚོས་སྤེལ་འཆར་ཡོད་པའི་རིག་རྩལ་གནས་སྐོར་བྱེད་སྒོའི་ཐད་བསམ་འཆར་གྲོས་འགོ་བཏོན། ཨ་རིག་ཡུལ་ཚོའི་དབྱར་སའི་ཆུ་རྐ་ལ་གཏོར་སྐྱོན་ཕོག་པ་དང་མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་ལ་དམིགས་ནས་ཡུལ་དངོས་སུ་ཨ་རིག་ཡུལ་ཚོ་དང་། རྫོང་འགྲིམ་འགྲུལ་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཐག་གཅོད་ཇུས་གཞི་བཏོན་ཞིང་། སྟབས་བདེའི་ལམ་བུ་བཟོ་བ་དང་རྣམ་གྲངས་སྙན་སེང་ཞུ་བའི་བྱེད་ཐབས་བརྒྱུད་གནད་དོན་ཐག་གཅོད་བྱས། གསེར་ལྡན་མདོ་ལའི་འོ་རྫས་དང་ཡཱ་ཁི་འབྲོག་ལས་ཀྱི་ཁེ་ལས་འཁོར་སྐྱོད་གནས་ཚུལ་དང་། དཀའ་ངལ། རྗེས་ཀྱི་འཕེལ་རྒྱས་འཆར་གཞི་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། ཁེ་ལས་ཀྱི་ལས་སྣོན་ཐོན་སྐྱེད་འཁོར་ཁང་ལ་ལྟ་ཞིབ་བྱས་ཤིང་། ཁེ་ལས་འཁོར་སྐྱོད་དང་ཐོན་རྫས་གསར་སྤེལ་སོགས་ཀྱི་གནས་ཚུལ་ཐད་སྤེལ་རེས་གཏིང་ཟབ་བྱས། ཁོང་གིས་ཁེ་ལས་ནི་འཕར་སྣོན་བརྟན་པོ་དང་། ལས་ཞུགས་འཕར་སྣོན། དམངས་འཚོར་ཕན་པ་བཅས་ཀྱི་བྱེད་པོ་གཙོ་བོ་ཡིན་ལ། ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན། བློ་བརྟན་འགྱུར་མེད་ཀྱིས་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དོ་ཁུར་བྱེད་པ་དང་། སྲིད་ཇུས་འདེགས་སྐྱོར་དང་འཇོན་མི་ནང་འགུག ཁོར་ཡུག་ལེགས་སྒྱུར་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུ་འདོན་ངེས་ཡིན་ཞེས་བསྟན། ཁེ་ལས་ལ་འཕེལ་རྒྱས་གདེང་ཚོད་བརྟན་པོ་ཡོད་དགོས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་འཛིན་ཧུར་ཐག་བྱས་ཏེ་ལྟེ་བའི་ཐོན་ལས་དང་རབ་བྲིན་ཐོན་རྫས་ལ་དོ་ཁུར། གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས། ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།


མཉམ་སྤྱོད།