དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-19 08:59:18   |   340

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས18ཉིན། ཞི་ཅིན་ཕིང་དང་ཕེང་ལི་ཡོན་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་དབུ་འཛིན་བཟའ་ཟླ་གཉིས་ལ་སྤེལ་བའི་དགའ་བསུ་ཞུ་བའི་མཛད་སྒོ་དང་གསོལ་སྟོན་ལ་ཞུགས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་དམངས་རིག་གནས་སྒྱུ་རྩལ་ལོ་དང་གཞོན་ནུའི་སྒྱུ་རྩལ་དུས་ཆེན་གྱི་མགོ་རྩོམ་མཛད་སྒོའི་འཁྲབ་སྟོན་ལ་ལྷན་དུ་གཟིགས།

微信图片_20230519085726.jpg

  • ཚེས18ཉིན་གྱི་སྔ་དྲོ།  ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན(吉尔吉斯斯坦)གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ་དང་གྲོས་མོལ་གནང་།

微信图片_20230519090238.jpg

  • ཚེས18ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན(塔吉克斯斯坦)གྱི་ཙུང་ཐུང་ལ་ཧོ་མེང་དང་གྲོས་མོལ་གནང་།

微信图片_20230519090244.jpg

  • ཚེས18ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཏུར་མེན་སི་ཐན(土库曼斯坦)གྱི་ཙུང་ཐུང་པིའེ་ཨེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུ་དང་མཇལ་འཕྲད་གནང་།

微信图片_20230519090250.jpg

  • ཚེས18ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན(乌兹别克斯坦)གྱི་ཙུང་ཐུང་སྨི་ཨེར་ཅི་ཡུའེ་ཧྥུ་དང་གྲོས་མོལ་གནང་།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནང་ལོགས་ཀྱི་གྲོང་མིས་གཉེན་སྒྲིག་ཐོ་འགོད་བྱེད་དུས“ཞིང་ཆེན་བརྒལ་ནས་ཐད་ཀར་སྒྲུབ་ཐུབ་པའི”ཚོད་ལྟ་རྒྱ་ཆེ་རུ་གཏོང་རྒྱུའི་མཆན་བཀོད་བཀའ་ལན་གནང་།

  • ཚེས18ཉིན། ནོར་སྲིད་པུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར83171ཟིན་པ་དེ་དུས་མཚུངས་ལས11.9%འཕར་ཡོད།

微信图片_20230519090255.jpg

  • ཚེས18ཉིན་གྱི་སྔ་དྲོ། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་པེ་ཅིང་དུ་དངོས་སུ་སྒོ་བྱང་བཀལ། 

སྤྱི་ཚོགས།

  • རྒྱལ་ཁབ་རིག་དངོས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་རྟེན་མཛོད་ཁང་གི་སྡོམ་འབོར6565ཟིན་ཞིང་། 90%ཡན་རིན་མི་དགོས་པའི་ངང་སྒོ་ཕྱེ་འདུག

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་ཚད2017ལོའི5%ཡང་མ་ཟིན་པ་ནས2022ལོའི65%ཙམ་དུ་མཐོ་རུ་ཕྱིན།

  • ཀྲུང་གོ་འཁོར་སྐར་ཕྱོགས་སྟོན་གནས་འཁེལ་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ནང་གི་ཤེས་ནུས་ལག་འཕྲིན་འདོན་ཚད་དུང་ཕྱུར2.64ཟིན་ཞིང་། 98.5%བྱང་སྐར་གྱི་བྱེད་ནུས་ལ་རྒྱབ་སྐྱོར་བྱས་ཡོད།

  • ཀྲུང་གོའི་ས་གཤིས་སློབ་ཆེན(ཝུའུ་ཧན)གྱིས་སྣེ་ཁྲིད་པའི་མཉམ་འབྲེལ་ཞིབ་འཇུག་ཚོགས་པས་སྐར་མ་མིག་དམར་བྱང་རྒྱུད་དུ་དེ་སྔ་རྒྱ་མཚོ་ཡོད་པ་ར་སྤྲོད་བྱས།

སྲིད་ཇུས།

  • ཨན་ཧུའེ་ཡིས་འབྲིང་རྒྱུགས་ཀྱི་ཨང་དང་པོ་དང་སློབ་རིམ་འཕར་ཚད་ལ་ཡོངས་བསྒྲགས་དང་། དྲིལ་སྒྲོག འུད་སྒྲོག་བཅས་བྱ་རྒྱུ་གཏན་འགོག་བྱེད།

  • ཁྲུང་ཆིང་གིས་ས་གཤིས་གནོད་འཚེ་ཉེན་གཡོལ་ལས་དོན་ཁྲོད་བྱས་རྗེས་མངོན་གསལ་དོད་པོ་ཕུལ་མཁན་གྱི་མི་སྒེར་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི3སྤྲོད་རྒྱུ་ཡིན་པ་ཁག་ཐེག་བྱས།

  • ནང་སོག་གིས་དྭ་ཕྲུག་གཅིག་སྡུད་འཚོ་སྐྱོང་གི་ཚད་གཞི་མི་རེར་ཟླ་རེར་སྒོར130ཡི་ཇེ་མང་དུ་གཏོང་བ་གཏན་འཁེལ་བྱས།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་ཤར་རྒྱུད་དང་ཧྭ་བྱང་གི་དབུས་བྱང་རྒྱུད། ཞིན་ཅང་གི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བར་ཆར་པ་ཆུང་བ་ནས་འབྲིང་འབབ་རྒྱུ་རེད། ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་དང་དྲག་ཆར་འབབ་པ། གོང་གསལ་གྱི་ས་ཁུལ་ཁ་ཤས་སུ་དུས་ཐུང་ཆར་པ་ཆེན་པོ་འབབ་པ་དང་ས་ཁུལ་ཁ་ཤས་སུ་ཐོག་དང་རླུང་ཆེན་དང་སེར་བ་སོགས་ཀྱི་གཏད་རྒྱུག་གནམ་གཤིས་དྲག་པོ་ཡོད་པ་རེད།

微信图片_20230519090300.jpg


མཉམ་སྤྱོད།