དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་ནས་ནུབ་ལམ་དམག་གི་སྙིང་སྟོབས་ཀྱི་ཆེད་དོན་འཆད་ཁྲིད་བྱས།

2023-05-19 12:56:18   |   404

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀའོ་ཐའེ་རྫོང་གི་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོ་ཁང་དུ་གཟིགས་ཞིབ་གནང་སྐབས“ང་ཚོས་ཏང་གི་གཏམ་རྒྱུད་ལེགས་པོར་འཆད་པ་དང་། དམར་དམག་གི་གཏམ་རྒྱུད་ལེགས་པོར་འཆད་པ། ནུབ་ལམ་དམག་གི་གཏམ་རྒྱུད་ལེགས་པོར་འཆད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་དགོས”པའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ནུབ་ལམ་དམག་གི་ལོ་རྒྱུས་ལ་ཕྱིར་དྲན་དང་། ནུབ་ལམ་དམག་གི་སྙིང་སྟོབས་ལ་སློབ་སྦྱོང་། ཏང་ལ་བློ་དཀར་བའི་བསམ་བློ་རྩ་བ་བརྟན་བཟོ་དང་། སྔར་ལས་གཏིང་ཟབ་པའི་དམངས་ལ་བཟུང་བའི་བརྩེ་དུང་བཅངས་ཏེ་འགན་འཁྲི་འཁུར་སེམས་ཤུགས་དྲག་བསྐྱེད་དགོས། ཟླ5བའི་ཚེས17ཉིན། མདོ་ལ་རྫོང་གིས་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཁག་གི་སློབ་སྦྱོང་(རྒྱས་འཛོམས)ཚོགས་འདུ་དང“ནུབ་ལམ་དམག་གི་སྙིང་སྟོབས”ཀྱི་ཆེད་དོན་མཛུབ་སྟོན་འཆད་ཁྲིད་བསྡུས།

1.jpg

2.jpg

རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།ཚོགས་འདུར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཏང་གི་ལོ་རྒྱུས་ཆེད་མཁས་ཀྲོའུ་ཀྲུང་ཡུས་གདན་དྲངས་ནས《ཐོག་མའི་བསམ་འདུན་བློ་བརྟན་འགྱུར་མེད། འདས་ཟིན་ལོ་རྒྱུས་བརྗིད་སྐྱོ་མཉམ་འདྲེས》ཞེས་པའི་ཆེད་དོན་འཆད་ཁྲིད་གནང་།

3.jpg

ཚོགས་འདུའི་བསྟན་དོན། མདོ་ལ་ནི་དམར་དམག་ནུབ་ལམ་དམག་གིས་དམག་འཐབ་བྱས་པའི་ས་ཆ་ཡིན་པས། གསར་བརྗེ་ཐོན་ཁུངས་དེ་ཞིབ་འཇུག་ཡག་པོ་དང་། གསར་སྐྲུན་ཡག་པོ། བེད་སྤྱོད་ལེགས་པོ་གཏོང་དགོས་ཤིང་། བསམ་པའི་ཁྲག་རྒྱུན་རྒྱུན་མཐུད་ལེགས་པོ་བྱེད་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུ་ནི་ང་ཚོས་བསམ་པའི་བཙན་ས་གཏོད་པའི་ཆབ་སྲིད་ཀྱི་ལས་འགན་དང་དགོས་ངེས་ཀྱི་འགན་འཁྲི་ཡིན་ལ། གཡོལ་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན། མི་རིགས་སོ་སོས་ནུབ་ལམ་དམག་ལ་རམ་འདེགས་བྱས་མྱོང་བའི་ལོ་རྒྱུས་འགོ་ཚུགས་ས་རུ་བཟུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱུ་ཆ་ཕྱོགས་སྡོམ་དང་ཁོལ་བྱུང་གདམ་གསེས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་མདོ་ལའི་ས་གཞི་ཆེན་པོའི་སྟེང་རྣམ་པར་བཞད་དགོས། དམར་དམག་ནུབ་ལམ་དམག་གི་སྙིང་སྟོབས་སློབ་གསོའི་རྟེན་གཞི་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་། དམར་དམག་ནུབ་ལམ་བཅིངས་འགྲོལ་དམག་གི་དམག་དཔུང་གཉིས་པའི་དྲན་གསོའི་གླིང་མདོ་ལ་གསར་བརྗེའི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ཚན་རིག་དང་མཐུན་པའི་སྒོ་ནས་བསྐྲུན་ཏེ་ནང་དོན་ཕྱིར་མཚོན་མིག་སྔའི་བླང་བྱ་དང་མཐུན་ལ་སླད་ཕྱིན་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དང་སྦྲེལ་མཐུད་ཐུབ་པར་ཁག་ཐེག་བྱས་ཏེ་སྔོན་གཤེགས་དཔའ་བོར་མཛད་རྗེས་ལྡན་པ་དང་རྒྱལ་ཁབ་ལ་ལོ་རྒྱུས་ཉར་བའི་ལས་དོན་ལེགས་པོར་སྒྲུབ་དགོས།

4.jpg

ཁྱིམ་སྡོད་རྫོང་རིམ་པའི་འགོ་ཁྲིད་དང་། རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་ཁོངས་མི། ཡུལ་གྲོང་ཁག་གི་ཏང་ཨུའི་ཧྲུའུ་ཅི། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཁག་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ། རྫོང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་བྱེད་པ་ཡོངས་དང་དམར་དམག་ནུབ་ལམ་དམག་གིས་མདོ་ལར་འཐབ་བསྒྱུར་བྱས་པའི་ལོ་རྒྱུས་ཡིག་ཆ་སྔོག་འདོན་ལེགས་སྒྲིག་ཆེད་དོན་ཚན་པའི་ལས་བྱེད་པ་ཡོངས་ཚོགས་འདུར་ཞུགས།


མཉམ་སྤྱོད།