དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-22 09:52:39   |   266

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  •    ཚེས21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲག་སྐྱེད་རྒྱལ་སྤྱིའི་ལོ་བརྒྱའི་རྟེན་འབྲེལ་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དབང་པོ་སྐྱོན་ཅན་དང་དེའི་གཉེན་ཉེ། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་ལས་དོན་སྒྲུབ་མཁན་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་རྩ་འཛུགས་དང་ཕྱོགས་སོ་སོའི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས།

  •    ཚེས18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་སི་ལི་ཞིས་སྨི་ན(韦斯利·西米纳)ལ་གློག་འཕྲིན་བཏང་ནས་ཁོང་གིས་སྨི་ཁེ་རོ་ནི་ཞི་ཡ(密克罗尼西亚)རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

  •    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས།

  •    ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ་རྒྱལ་ཡོངས་ཀྱི་དབྱར་བསྡུའི་སྐེ་ཚེ་བསྡུ་ཚད་བཅུ་ཆ་དྲུག་ཙམ་ཟིན་ཡོད། 

  •    ནོར་སྲིད་པུའི་གཞི་གྲངས་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར70379ཟིན་པ་དང་། དེ་དུས་མཚུངས་ལས12. 9%འཕར་ཡོད།

  •    ཉིན་ཤས་སྔོན་དུ། དྲ་རྒྱའི་བདེ་འཇགས་ཞིབ་བཤེར་གཞུང་དོན་ཁང་གིས་ཁྲིམས་ལྟར་མེ་ཀོང་སྤྱི་གཉེར(美光公司)གྱིས་ཀྲུང་གོར་ཕྱིར་ཚོང་བྱས་པའི་ཐོན་རྫས་ལ་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་བྱས་པ་དང་། ཁྲིམས་ལྟར་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་དང་མི་འཕྲོད་པའི་སྡོམ་ཚིག་བཀོད། 

微信图片_20230522095234.jpg

  •    ཚེས21ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ནང་ལོགས་ས་ཁུལ་དང་ཨའོ་མོན་མཉམ་ལས་སྒོས་ཞིབ་བཟོ་བྱས་པའི་བར་སྣང་ཚན་རིག་སྲུང་སྐར་ཐོག་མ་སྟེ། “ཨའོ་མོན་ཚན་རིག་ཨང་དང་པོ”བདེ་བླག་ངང་འཕེན་གཏོང་བྱས།

微信图片_20230522095239.jpg

  •    ཚེས21ཉིན། སུའུ་ཀྲོའུ་རུ་གཉེར་བའི2023ལོའི་སུའུ་ཏི་མན་བུམ་པའི་འཛམ་གླིང་སྒྲོ་ལྒང་མཉམ་བསྲེས་ཚོགས་པའི་གཟེངས་རྟགས་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་མཇུག་གྲིལ་བ་དང་། ཀྲུང་གོའི་རུ་ཁག་གིས་སྐར་གྲངས3:0ཅན་གྱི་བར་ཁྱད་ཆེན་པོའི་ཐོག་ནས་ལྷོ་ཁོ་རེ་ཡའི་རུ་ཁག་ལས་རྣམ་པར་རྒྱལ་བ་དང་། འགྲན་སྡུར་གྱི་ཨང་དང་པོ་ཐེངས་གསུམ་ལ་བསྟུད་མར་ལེན་པ་མངོན་འགྱུར་བྱུང་། 

  •    ས་གནས་དེ་གའི་ཚེས20ཉིན། སུའུ་དན་གྱི་དྲག་ཆས་དཔུང་སྡེ་དང་སུའུ་དན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེའི་འཐུས་མིས་ས་དི་ཨ་རབ་ཀྱི་ཅི་ཏར་དུས་ཡུན་ཉིན་བདུན་གྱི་དམག་མཚམས་འཇོག་པའི་གྲོས་མཐུན་ལ་མིང་རྟགས་བཀོད།

སྤྱི་ཚོགས།

  •    ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་སྔོན་པོའི་ཉེན་བརྡ་བཏང་བ་དང་། སྔོན་དཔག་བྱས་ན་དེ་རིང་ཨན་ཧུའེ་ཡི་ལྷོ་རྒྱུད་དང་། ཀྲེ་ཅང་གི་བྱང་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད།

  •    སྡོད་ཁང་འཛུགས་སྐྲུན་པུས་ཉིན་ཤས་གོང་བསྟན་དོན། རང་རྒྱལ་གྱིས་རིམ་པ་11ཅན་གྱི་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་རྣམ་པའི་གྲོང་ཁྱེར145བསྐྲུན་ཡོད། 

微信图片_20230522095246.jpg

  •   རྒྱལ་ཁབ་རིག་དངོས་ཅུ་དང་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་སོགས་ཀྱིས་ཚེས21ཉིན་གནས་ཚུལ་སྤེལ་བ་ལྟར་ན། རང་རྒྱལ་གྱི་ལྷོ་རྒྱ་མཚོའི་མཚོ་གཏིང་ནས་གནའ་བོའི་གྲུ་གཟིངས་གཉིས་ཤེས་རྟོགས་བྱུང་།

  •   ཀྲུང་དབྱང་དོ་དམ་ལས་བྱེད་པ4་ལ་ཧུའུ་ནན་ཁྲང་ཧྲའི“4·29”ཡི་དོན་རྐྱེན་ཚབས་ཆེན་ཏེ། སྒེར་གྱིས་བསྐྲུན་པའི་ཁང་པ་རྡིབ་པའི་དོན་རྐྱེན་གྱི་དབང་གིས་འགན་འཁྲི་རྩད་ཞིབ་བྱས་པ་དང་།  ཧུའུ་ནན་གྱི་གཞུང་ལས་མི་སྣ62ལ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་རྩད་ཞིབ་ནན་མོ་བྱས།

  •   རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་“མདོག་འགྱུར་འབྲུག་”ལྟ་བུའི་གྲུང་གཤིས་འགྱིག་གཟུགས་རྒྱུ་ཆ་གསར་པ་ཞིག་གསར་སྤེལ་བྱས་པ་དང་། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་《རང་བྱུང་》དྲ་ཐོག་པར་མའི་སྟེང་སྤེལ་ཡོད།

  •   ཧུའུ་པེ་ཝུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཉེ་ཆར་རྒྱལ་མཚམས་བརྒལ་བའི་རྒྱན་འགྱེད་ཚོགས་པ་ཞིག་མེད་པར་བཟོས་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར1.6ཟིན་ཡོད།

微信图片_20230522095251.jpg

  •     ཧུ་ནན་ཞུས་ཁྲང་གི་མང་ཚོགས་ཀྱི་ཁང་པ་ཞིག་མེ་ཤོར་བ་དང་རྒན་རྒོན་ཁང་པའི་ནང་དུ་ལུས། གཉེན་ཉེར་ཐུག་འཕྲད་ངལ་གསོ་བྱེད་བཞིན་པའི་བོད་ལྗོངས་དམག་ཁུལ་གྱི་མཐའ་སྲུང་ཐོན་ག་གེ་མོ་ཞིག་གི་འཐབ་འཛིང་པ་ཀྲང་ཡུན་ཕུང་གིས་མེ་སྐྱོན་མཐོང་རྗེས། མགྱོགས་མྱུར་སྒོས་མེ་སྐྱོན་བྱུང་ཡུལ་དུ་བསྐྱོད་དེ་རྒན་རྒོན་བསྐྱབས།

སྲིད་ཇུས། 

  •     ཧྲན་ཞིས་ཀྱིས་བརྡ་ཐོ་བཏང་བ་སྟེ། ཟླ6ཚེས1ཉིན་ནས་བཟུང་། སྔར་ཡོད་རླངས་འཁོར་འཇོག་སར་གློག་གསོག་(བརྗེ་)གི་རྨང་གཞིའི་སྒྲིག་བཀོད་སྒྲིག་སྦྱོར་བྱེད་པ་དེ་སྤྱིར་བཏང་གི་གློག་ཤུགས་སྒྲིག་ཆས་སྒྲིག་སྦྱོར་དོ་དམ་ལྟར་སྒྲུབ་ན་ཆོག་པ་དང་། རྣམ་གྲངས་ཐོ་འགོད་སྙན་སེང་མ་ཞུས་ན་ཆོག

  •    ཀོང་ཞི་ཡིས་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞི་དང་། དཔེ་སྟོན་ཁེ་ལས་ལ་བྱ་དགའ་སྒོར་ཁྲི200དང་སྒོར་ཁྲི50རེ་སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན། 

  •    ནན་ཅིང་གིས་ཞན་ནུའོ་ཞིན(先诺欣)དང་། མིན་ཏེ་ཝེ(先诺欣)ལེ་རུའེ་ལིང(乐睿灵)བཅས་རང་རྒྱལ་གྱི་པྲོག་གསར་ནད་དུག་གི་སྨན་བཅོས་སྨན་རྫས་རིགས་གསུམ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་དུ་ཅང་ཞིས་ཀྱི་དབུས་ཤར་རྒྱུད་དང་། ཀྲེ་ཅང་གི་ལྷོ་ནུབ་རྒྱུད ། ཧྥུའུ་ཅན་གྱི་ནུབ་བྱང་རྒྱུད། ཀོང་ཞི་ཡི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

微信图片_20230522095257.jpg


མཉམ་སྤྱོད།