དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-23 09:15:20   |   278

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ5ཚེས21ཉིན་ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཁུལ་ཅ་ཞིན་ལམ་གྱི་ཁྲོམ་གཞུང་གི་གད་སྙིགས་རིགས་དབྱེའི་དང་བླངས་པར་འཕྲིན་ལན་བསྐུར་བ་སྟེ། གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་རེ་བ་ནན་མོ་བཏོན། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཁོང་ཀོ(刚果)དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཧྥེ་ལི་ཁེ་སི་ཨན་ཐོ་ཝན་ཆི་སའེ་ཁེ་ཏི་ཆི་ལུང་པོ(费利克斯·安托万·齐塞克迪·奇隆博)ཟླ5ཚེས24ནས་ཚེས29ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རང་རྒྱལ་གྱི་ཐོན་ཁུལ་གཙོ་བོའི་དགུན་གྲོ་ལྷོ་ནས་བྱང་བར་རིམ་བཞིན་སྨིན་བཞིན་ཡོད་དེ། རྒྱལ་ཡོངས་སུ་བརྔ་བསྡུ་བྱེད་ཚད4.8%ཟིན་པ་དང་། གཞི་ཁྱོན་ཆེ་བའི་འཕྲུལ་བསྡུའི་ལས་མགོ་རྩོམ་ལ་ཉེ། 

  • ཀྲུང་དབྱང་དྲིལ་སྒྲོག་པུས་བློ་མཐུན་ཝན་པུ་ཡན(万步炎)ལ“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་སྤྲད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་ནོར་སྲིད་པུས་བརྡ་ཐོ་བཏང་བ་ལྟར་ན། 2023ལོའི་ཟླ1ཚེས1ཉིན་ནས་བཟུང་། 2022ལོའི་ལོ་མཇུག་སྔོན་ལ་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ3.8%མཐོ་རུ་བཏང་།

  • ནོར་སྲིད་པུས་སྔོན་རྩིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར100བཏང་སྟེ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས། 

  • སློབ་གསོ་པུས་བརྡ་ཐོ་བཏང་ནས་འོས་འགན་སློབ་གསོར་རྒྱུགས་སྤྲོད་མི་དགོས་པར་སློབ་ཞུགས་དང་སློབ་འཕར་བྱེད་པའི་གཏན་འབེབས་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། རྒྱུགས་དང་ཡང་ན་རྒྱུགས་ཀྱི་རྣམ་པ་གཞན་བརྒྱུད་ནས་སློབ་མ་གདམ་གསེས་བྱེད་མི་ཆོག་པའི་བླང་བྱ་བཏོན།

微信图片_20230523091251.jpg

  • ཚེས22ཉིན། ལྷ་གྲུ་ཨང་བཅུ་དྲུག་པ་རྟགས་ཅན་གྱི་གྲུ་མདའི་སྡེབ་སྒྲིག་གཟུགས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱས་པ་དང་། ཉེ་ཆར་གོ་སྐབས་དང་བསྟུན་ནས་འཕེན་གཏོང་བྱེད་རྩིས་ཡོད།

  • ས་གནས་དེ་གའི་ཚེས22ཉིན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས76པའི་ཐོག་རྒྱལ་ཁབ་ཁག་ཅིག་གིས་བཏོན་པའི“ཐའེ་ཝན་ལྟ་ཞིབ་པའི་ཐོབ་ཐང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་གདན་ཞུ་བྱེད་པའི”གྲོས་གཞི་དེ་གྲོས་རིམ་ནང་འཇུག་རྒྱུ་ཁས་མ་བླངས།

    微信图片_20230523091259.jpg

  • ཚེས22ཉིན། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་མ་ལག་ཧྲིལ་པོ་དང་། རྒྱུ་རྐྱེན་ཡོངས་རྫོགས།  ཐོན་ལས་ཕྲེང་བ་ཧྲིལ་པོ་བཅས་ཕྱི་རྒྱལ་དུ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཐོག་མ་སྟེ། ཧིན་རྡུ་ཉི་ཞི་ཡའི་ཡ་ཝན་མྱུར་བགྲོད་ལྕགས་ལམ་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་བྱེད་མགོ་བརྩམས།

སྤྱི་ཚོགས།

  •     ཚེས22ཉིན་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི503གསར་དུ་བཙུགས་པ་དེ་དུས་མཚུངས་ལས14.3%འཕར་ཡོད།

  • རྒྱལ་ཁབ་ཐ་མག་ཆེད་འཚོང་ཅུ་ཡིས“འོ་ཇའི་ཕོར་བ”དང“ཁུ་ནག་གི་སྣོད”སོགས་རྒྱལ་ཁབ་ཀྱི་ཚད་གཞི་མིན་པའི་བྲོ་བ་ལེགས་སྒྲིག་ཅན་གྱི་གློག་རྡུལ་ཐ་མག་ཆེད་དོན་བཅོས་སྒྲིག་བྱས་པ་དང་། གྱོད་གཞི775ཞིབ་བཤེར་ཐག་གཅོད་བྱས་ལ་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར6.74ཟིན།

  • གསར་དུ་ཡོངས་བསྒྲགས་བྱས་པའི་རང་བྱུང་སྟོན་གྲངས་ཀྱི་གཞི་གྲངས་ལྟར་ན། 2022ལོར་ཀྲུང་གོའི་སྤུས་ཚད་མཐོ་བའི་རང་བྱུང་ཚན་རིག་ཞིབ་འཇུག་གི་ཐོབ་སྐལ་ཐོག་དང་པོར་ཨང་དང་པོར་སླེབས་པ་དང་ཨ་རི་ལས་བརྒལ།

  • སྐྱེ་ཁམས་ཁོར་ཡུག་པུ་དང་ཀྲུང་གོ་ཚན་རིག་ཁང་གིས་ཚེས22ཉིན《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མིང་གཞུང་དམར་པོ》ཡི་པར་གཞི་གསར་བ་ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས500ཡས་མས་ལ་ཉེན་ཁ་ཕོག་པའི་རིམ་པ་མར་ཆག་ཡོད།

微信图片_20230523091305.jpg

  • ཚན་ཞིབ་མི་སྣས་ཉེ་ཆར་བོད་ལྗོངས་ཇོ་མོ་གླང་མའི་ས་ཁུལ་དུ་ཧི་མ་ལ་ཡའི་ཉ་འབྲུག་གི་འགྱུར་རྡོ་གསར་པ་རྙེད།


    微信图片_20230523092414.jpg

  • ཧའེ་ནན་ཆིང་ལན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས23ཉིན་གྱི་ཆུ་ཚོད6པ་ནས18:30བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་ཅིག་ཏུ་དམག་དོན་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། མཚོ་འགྲུལ་གཏན་འགོག་བྱས། 

    微信图片_20230523091317.jpg

  • ཧུའུ་ནན་ཧུང་ཅང་གི་མི་དམངས་ཉེན་རྟོག་པ་དབྱང་པི་པིང་གིས་ཉེན་རྟོག་པའི་གནས་ཚུལ་ཞིག་ཐག་གཅོད་བྱེད་པའི་སྐབས་སུ། དོགས་ཡོད་ཉེས་ཅན་གྱི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་བྱས་པ་ན། དོགས་ཡོད་ཉེས་ཅན་གྱིས་གྲིས་གཙེགས་པས་རྨས་སྐྱོན་ཕོག་ནས་སྟབས་མ་ལེགས་པར་རང་སྲོག་ཤོར་བ་དང་། ལོ་ན43ཙམ་ཡིན།

སྲིད་ཇུས།

  • རྒྱལ་ཁབ་རང་བྱུང་ཐེབས་རྩ་ཨུ་ལྷན་གྱིས་གསལ་ཐོ་ཁྱབ་བསྒྲགས་བྱེད་རྩིས་ཡོད་པ་ལྟར་ན། “དཔྱད་བཤེར་ཆེད་མཁས་པའི་མིང་ཐོ་རྩད་གཅོད་བྱེད་པ”དང“ངོ་སོའི་དཔྱད་བཤེར”སོགས་མངགས་བཅོལ་བྱ་སྤྱོད་རིགས22གཏན་འགོག་བྱ་རྒྱུ་རེད།

  • པེ་ཅིང་གི་སློབ་མའི་གསོ་བཅུད་གསོལ་ཟས་ལས་རིགས་ཀྱི་ཚད་གཞི་ཐོག་མ་ཁྱབ་གདལ་དང་ལག་བསྟར་བྱས་པ་དང་། སློབ་མའི་གསོ་བཅུད་ཟས་རིགས་སྡེབ་སྐྱེལ་ཚན་པས་རི་སྐྱེས་ཤ་མོ་སོགས་ཉེན་ཁ་ཆེ་བའི་ཟས་རིགས་ལས་སྣོན་དང་བཟོ་མི་ཆོག་པ་ཁ་གསལ་བཟོས། 

  • ཁྲེང་ཏུའུ་ཡིས་གཏན་འབེབས་གསར་པ་བཏོན་པ་ལྟར་ན། སྡོད་ཁང་ཁུལ་ཆུང་དུ་བུ་བཅོལ་ཁང་མེད་པ་ལ་འབྲེལ་ཡོད(གྲོང་ཁྱེར)རྫོང་གིས་ཁ་གསབ་ཀྱིས་འཛུགས་སྐྲུན་དང་བསྐྱར་སྐྲུན་བྱེད་པ་དང་། ཡང་ན་ཐག་ཉེ་སར་གསར་སྐྲུན་དང་ཉོ་སྒྲུབ་སོགས་ཀྱི་ཐབས་སྤྱད་དེ་ཐག་གཅོད་བྱ་དགོས།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཞིན་ཅང་གི་ཐེན་ཧྲན་ས་ཁུལ་དང་ཧྭ་ལྷོའི་དབུས་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེ་དག་གི་ཁྲོད་དུ་ཀོང་ཏུང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་དང་། ཐའེ་ཝན་གླིང་ཕྲན་གྱི་དབུས་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད། ཞིན་ཅང་དང་ནང་སོག་གི་དབུས་ནུབ་རྒྱུད། ལིའོ་ཏུང་ཕྱེད་གླིང་། ཧྲན་ཏུང་ཕྱེད་གླིང་སོགས་ས་ཁུལ་ཁ་ཤས་སུ་རིམ་པ4ནས6བར་གྱི་རླུང་གཡུག་རྒྱུ་རེད།

微信图片_20230523091323.jpg


མཉམ་སྤྱོད།