མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་སྣེ་ཁྲིད་དེ་ཞིང་ཆེན་དུ་སྡོད་པའི་ནུས་ཁུངས་ཁེ་ལས་ལ་བཅར་འདྲི་གནང་།

2023-05-29 17:27:52   |   129

ཡིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་འཕེལ་སྒྱུར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ5ཚེས26ཉིན། ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཏུང་ཀོང་ཧྲུའུ་དང་། ཁུལ་དང་རྫོང་འཕེལ་སྒྱུར་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་མ་འཇོག་ཚོགས་པ་དང་། རྒྱལ་ཁབ་ནུས་ཁུངས་ཚོགས་པ་མཚོ་སྔོན་ཡན་ལག་སྤྱི་གཉེར། ཀྲུང་གོ་ཉིང་རྡུལ་ནུས་འདུ(མཚོ་སྔོན)ནུས་ཁུངས་སྤྱི་གཉེར་བཅས་སུ་བསྐྱོད་དེ་རྟོག་ཞིབ་གནང་། 

微信图片_20230529163828.jpg

མཚོ་སྔོན་ཞིང་ཆེན་མ་འཇོག་ཚོགས་པ་རུ་ཨ་ཁྱུང་གིས་ཞིང་ཆེན་མ་འཇོག་ཚོགས་པས་དུས་ཡུན་རིང་པོའི་ནང་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་བཞག་པར་ཁས་ལེན་དང་། ལྷག་པར་དུ་ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་དམངས་འཚོའི་དྲོད་གཏོང་ཐད་ཀྱི་གྲུབ་འབྲས་འབུར་དུ་ཐོན་པ་ནན་གྱིས་བསྟན། ཁོང་གིས་བསྟན་དོན། མཚོ་བྱང་གིས“243”འཕེལ་རྒྱས་ཀྱི་བཀོད་པ་ཧུར་ཐག་གིས་བསྐྲུན་མུས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོང་ཝ་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་གསུམ་པ་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད། དེ་བས་ཞིང་ཆེན་མ་འཇོག་སྤྱི་གཉེར་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཐང་ཧུའུ་གློག་ཁང་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱེད་པའི་ལས་གྲྭ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་རེ་བ་བརྗོད། མཚོ་བྱང་ཁུལ་གྱིས་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད་རྒྱུན་མཐུད་དོན་འཁྱོལ་བྱས་ཏེ། ལས་ཀའི་ཆེད་དོན་འཛིན་གྲྭ་འཛུགས་པ་དང་། མཐུན་སྦྱོར་ལམ་སྲོལ་འཛུགས་པ། གསལ་ཁྲའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྲིད་གཞུང་དང་ཁེ་ལས་མཉམ་ལས་དང་གཉིས་ཕན་གཉིས་རྒྱལ་ཡོང་བ་མངོན་འགྱུར་བྱེད་དགོས་ཚུལ་བསྟན།

微信图片_20230529163832.jpg

དེའི་རྗེས་སུ། ཨ་ཁྱུང་ད་དུང་རྒྱལ་ཁབ་ནུས་ཁུངས་ཚོགས་པའི་མཚོ་སྔོན་ཡན་ལག་སྤྱི་གཉེར་དང་། ཀྲུང་གོ་ཉིང་རྡུལ་ནུས་འདུ(མཚོ་སྔོན)ནུས་ཁུངས་སྤྱི་གཉེར་དུ་བསྐྱོད་དེ། ཆུ་ཚན་སྟོང་ཝ་ཁྲི120ཡི“གློག་ཁུངས་དང་གློག་དྲ།   ཐེག་ནུས། གསོག་ནུས”བཅས་གཞི་གཅིག་ཅན་གྱི་རྣམ་གྲངས་དང“ཕྱུགས་ལས་དང་ཉི་ནུས་ཕན་ཚུན་ཁ་གསབ”བྱེད་པའི་སྟོང་ཝ་ཁྲི100ཡི“འཕེལ་ཚད་ཀྱི་རྒྱལ་དབང་ཁེ་ལས་མཉམ་བསྲེས་ཀྱི་དབང་བའི་ལམ་ལུགས་སྒྱུར་བཅོས”རྣམ་གྲངས་འཛུགས་སྐྲུན་གྱི་བསམ་ཕྱོགས་དང་། མིག་སྔའི་འཕེལ་རིམ་དང་དེ་བཞིན་དཀའ་ངལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁེ་ལས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་ཕྱོགས་བསྡུས་ཇུས་བསྟར་མཐའ་འཁྱོངས་བྱས་ཏེ། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འབྲེལ་གཏུག་སྦྲེལ་མཐུད་ལ་ཤུགས་སྣོན་དང་། འགན་ལེན་གྱི་རྒྱུ་རྐྱེན་གཙོ་བོ་ཁག་བརྩོན་ལེན་བྱེད་པ། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། མ་འཇོག་ནུས་ལྡན་བྱེད་པ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་འཛུགས་སྐྲུན་བྱེད་རྩིས་ཡོད་པའི་རྣམ་གྲངས་དུས་བཀག་ལྟར་དྲ་སྦྲེལ་ཐུབ་པའི་འགན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་དང་། སྤུས་ཚད་མཐོ་བའི་སྒོ་ནས་རང་ཞིང་གི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།