མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-30 08:26:17   |   187

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ5ཚེས29ཉིན། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཐེངས་ལྔ་པའི་ཐོག་ནན་གྱིས་བསྟན་དོན། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་སྒོས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས། 

  • ཟླ5ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེ་ཅེ་ཕུ·ཐ་དབྱི་ཕུ·ཨེར་ཏོ་ཨན(雷杰普·塔伊普·埃尔多安)ལ་གློག་འཕྲིན་བཏང་སྟེ་ཁོང་སླར་ཡང་ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི《ལག་གདང་སྦྲེལ་ནས་ཕན་ཚུན་རོགས་རེས་དང་ཐུན་མོང་འཕེལ་རྒྱས། ཡོངས་ཁྱབ་བདེ་འཇགས། མི་རབས་ནས་མི་རབས་བར་མཛའ་གྲོགས་བཅས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་དགོས།——ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཐོག་གི་གཙོ་དོན་གསུང་བཤད》ཅེས་པའི་དེབ་རྐྱང་མ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་དུ་འགྲེམ་སྤེལ་བྱེད་རྒྱུ་རེད།

    微信图片_20230530091059.jpg

  • ལྷ་གྲུ་བཅུ་དྲུག་པ་དེ་ཟླ5ཚེས30ཉིན་གྱི་དུས་ཚོད9:31སྟེང་འཕེན་གཏོང་བྱས་པ་དང་། འཇིག་རྟེན་འཕུར་སྐྱོད་པའི་ཚན་ཆུང་དེ་བཀའ་བཀོད་དཔོན་ཅིན་ཧེ་ཕུང་དང་། འཇིག་རྟེན་འཕུར་སྐྱོད་བཟོ་བཀོད་པ་ཀྲུའུ་དབྱང་ཀྲུའུ། ཐེག་ཁུར་ཆེད་མཁས་པ་ཀེ་ཧེ་ཁྲོ་བཅས་འཇིག་རྟེན་འཕུར་སྐྱོད་པ་གསུམ་གྱིས་གྲུབ།

  • ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གཞི་གཞུང་དོན་ཁང་གིས་བསྟན་དོན། རང་རྒྱལ་གྱི་མི་སྡོད་ཟླ་བའི་གོ་ལར་འཚོལ་ཞིབ་ཚད་ལེན་བྱེད་པའི་ལས་གཞི་ཡི་ཟླ་བར་འཛེག་པའི་དུས་མཚམས་ཀྱི་ལས་འགན་ལག་བསྟར་བྱེད་མགོ་བརྩམས་པ་དང་། 2030ལོའི་ཡར་སྔོན་དུ་ཀྲུང་གོ་བ་ཟླ་བའི་གོ་ལར་ཐེངས་དང་པོ་བསྐྱོད་རྒྱུ་ཡིན་ཞེས་བཤད། 

  • ཚེས29ཉིན་ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གཞི་གཞུང་དོན་ཁང་གིས་སྤྱི་ཚོགས་ཡོངས་ལ་སྤྱི་བསྒྲགས་སྤེལ་བ་སྟེ། མི་སྡོད་ཟླ་བའི་གོ་ལའི་རླངས་འཁོར་ཞིབ་བཟོའི་ཇུས་གཞི་བསྡུ་རུབ་བྱས།

  • ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི149.4ཟིན་པ་དེ་དུས་མཚུངས་ལས76.5%འཕར་ཡོད།

    微信图片_20230530091105.jpg

  • ཚེས29ཉིན་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཧྲང་ཧའེ་ནས་ཁྲེང་ཏུའུ་རུ་འབྱོར་བ་དང་། རྒྱུན་རྣམ་ཅན་གྱི་ལས་གཉེར་བྱེད་མགོ་བརྩམས།

  • རྒྱལ་སྲུང་པུས་ཚེས29ཉིན་བསྟན་དོན། ཨ་རི་ཕྱོགས་ནི་དེང་སྐབས་སྔར་བཞིན་མཛོད་ཉར་ཅན་གྱི་རྫས་འགྱུར་མཚོན་ཆ་ཡོད་པའི་རྒྱལ་ཁབ་གཅིག་པུ་ཡིན། ཨ་རི་ཕྱོགས་ཀྱིས་ཁ་ཆད་ལག་བསྟར་གྱི་ལྷག་བསམ་མངོན་ཏེ། མགྱོགས་མྱུར་ངང་མཛོད་ཉར་གྱི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་དགོས་པར་སྐུལ་མ་བཏང་།

སྤྱི་ཚོགས།

  • མ་འོངས་པའི་ཉིན་གསུམ་ནང་། ཧྭ་ནན་གྱི་ས་ཆ་མང་ཆེ་བ་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ལྷོ་རྒྱུད། ཡུན་ནན་གྱི་བྱང་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད་སོགས་སུ་དྲོད་ཚད35℃ཡན་གྱི་གནམ་གཤིས་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད40℃ཟིན་གྱི་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་དུ་ཤེས་རྟོགས་བྱུང་བའི་སྐྱེ་དངོས་རིགས125034ཡོད།

    微信图片_20230530091110.jpg

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དོམ་ཁྲ“ཡ་ཡ”ཚེས29ཉིན་གྱི་དུས་ཚོད0:43སྟེང་པེ་ཅིང་སྲོག་ཆགས་གླིང་གི་དོམ་ཁྲ་ཁང་དུ་ལོག་པ་དང་། མིག་སྔར་ལུས་པོ་བདེ་ཐང་ཡིན། 

  • ཧྲའན་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ལི་ཅིན་ཀྲུའུ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་མུས་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ6ཚེས1ཉིན་ནས་བཟུང་ནང་ལོག་དང་ཨའོ་མོན་འགག་སྒོའི་“བདེན་དཔང་ར་སྤྲོད་བྱས་པའི་ཚོང་གཉེར་མཁན”ཕན་ཚུན་ཁས་ལེན་པ་ལག་བསྟར་བྱས་ལ། ཕ་རོལ་བོའི་འགག་སྒོར་འགྲོ་འོང་བྱེད་སྐབས་སྔོན་ལ་འགག་སྒོ་སྒྲོལ་ཆོག་པ་སོགས་ཀྱི་སྟབས་བདེའི་བྱ་ཐབས་ལོངས་སུ་སྤྱད་ཆོག

  • གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་བཞི་པའི་ཟླ་མཇུག་བར་དུ་གློག་འཕྲིན་ལས་གཉེར་ཚོང་བ་ཆེ་གྲས་གསུམ་གྱི5Gསྡེབ་ཚོང་སྤྱོད་མཁན་སྡོམ་འབོར་རིམ་རྩིས་བྱས་ན་དུད་ཚང་དུང་ཕྱུར12.13ཟིན།

    微信图片_20230530091115.jpg

  • ཡུན་ནན་ཀྲོ་ཐུང་གི་ལོ་དྲུག་ལ་སླེབས་པའི་བུ་ཆུང་ཞིག་བཙོག་ཆུའི་ཁྲོན་པའི་ནང་དུ་ལྷུང་བ་ན། སྔོན་ཆད་མེ་ཟོན་མི་སྣ་ཡིན་པའི་ཀེང་ཧྲི་ཅུན་གཅིག་པུ་ཁྲོན་པའི་ནང་དུ་བསྐྱོད་དེ་ཕྲུ་གུ་བསྐྱབས་པ་དང་མྱུར་སྐྱོབ་བྱས། མིག་སྔར་བུ་ཆུང་དེའི་ལུས་པོ་ལ་གནོད་པ་ཆེན་པོ་མི་འདུག

སྲིད་ཇུས།

  • ཨན་ཧུའེ་ཡིས་བརྡ་ཐོ་བཏང་བ་སྟེ། ད་ལོའི་ཟླ12ཚེས31ཉིན་གྱི་སྔོན་ལ། འཁོར་རྒྱུག་མ་དངུལ་གྱིས་མི་འདང་བ་དང་གྲོན་ དངུལ་སྤྲོད་པར་དངོས་གནས་དཀའ་ངལ་ཡོད་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་གིས་ཟླ3ནས6བར་དུ་དངུལ་ཆད་ཀྱང་ཆུ་དང་གློག སོལ་རླངས་བཅས་ཀྱི་མཚམས་མི་གཅོད་ལ། དུས་འགྱངས་ཆད་དངུལ་མི་བསྡུ།

  • ཧྥུ་ཅན་གྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ6ཚེས1ཉིན་ནས་བཟུང་སྨན་སྤྱོད་ཡོ་ཆས་ཁག་ཅིག་གི་མི་སྒེར་གྱིས་སྔོན་ལ་སྤྲོད་པའི་སྡུར་ཚད20%ནས15%བར་དམའ་རུ་བཏང་ཡོད།

  • ཧྲན་ཏུང་གིས“ལས་གཏོད་འཕེལ་བའི་དངུལ་བུན”བཏོན་པ་སྟེ། མི་སྒེར་གྱིས་དངུལ་བུན་མཐོ་ཤོས་སྒོར་ཁྲི50རེ་ཞུ་བྱེད་ཆོག་པ་དང་། ཁེ་ལས་ཆུང་གྲས་ཀྱིས་དངུལ་བུན་ཆེས་མཐོ་ཤོས་སྒོར་ཁྲི1000རེ་ཞུ་བྱེད་ཆོག

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་དབུས་རྒྱུད་དང་ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞིའི་དབུས་བྱང་རྒྱུད། ཧོ་པེའི་བྱང་རྒྱུད། ཨན་ཧེའི་ལྷོ་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་བ་འབྲིང་བ་ནས་ཆེ་བ་ཡོད་པ་དང་། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།

    微信图片_20230530091120.jpg


མཉམ་སྤྱོད།