མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་ཀྱིས་ཅི་ནན་གྲོང་ཁྱེར་དུ་མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་བསྡུས་པ།

2023-05-30 10:48:14   |   152

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


微信图片_20230530105407.jpg

ཟླ5པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་ཧྲན་ཏུང་ཞིང་ཆེན་ལུའུ་ཧྲང་པིན་ལིན་ཇུས་འགོད་གླིང་དང་ལིན་དབྱི་གྲོང་ཁྱེར་སྐྱེལ་འདྲེན་སྡེ་ཚོགས།  ཧྲན་ཏུང་ཤུགས་རྐྱེན་ནུས་པའི་རིག་ནུས་ཚན་རྩལ་ཚད་ཡོད་སྤྱི་གཉེར་སོགས་ཁེ་ལས་དང་ངོ་འཕྲད་གྲོས་མོལ་བྱས་ཤིང་། ཐུན་མོང་ཐོག་མཚོ་བྱང་གིས་ནང་འདྲེན་བྱས་པའི་རིག་ནུས་འཁྱགས་སྦྲེལ་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་གཞི་གྲངས་ཆེན་མོའི་ལས་སྟེགས། འཇུ་ལག་མེ་ཏོག་གི་རྒྱ་མཚོའི་གནས་སྐོར་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་གྱི་འབྲེལ་ཡོད་དོན་དག་ལ་གྲོས་བསྡུར་བྱས།    

微信图片_20230530105415.jpg

ཤ་བོ་སྐྱབས་ཀྱིས་ཚོགས་ཞུགས་ཁེ་ལས་པར་མཚོ་བྱང་ཁུལ་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཉེ་བའི་ལོ་ཤས་རིང་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་དང་མཚོ་སྐྱོར་ལས་བྱེད་པས་དཀའ་སྤྱད་འབད་བརྩོན་ཁྲོད། ཧྲན་ཏུང་གི་ཁེ་ལས་གང་མང་ཞིག་མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོར་འཕེལ་རྒྱས་དང་ཡར་རྒྱས་གསར་པ་བྱུང་ཡོད། མཚོ་བྱང་ནི་རྒྱབ་ཕྱོགས་མདོ་ལ་རི་བོ་དང་མདུན་ཕྱོགས་མཚོ་སྔོན་པོར་གཏད་ཡོད་ལ། ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱག་ཀླུང་བཅས་ཀྱི་མཛེས་ལྗོངས་སྣ་གཅིག་ཏུ་འདུས་ཡོད། གསེར་མདོག་འཇུ་ལག་དང་ལྷ་ཁམས་མདོ་ལ། བོད་མཁར་རྐང་ཚ། བདེ་བརྟན་མདའ་བཞི། དག་སྣང་མཚོ་བྱང་གི་གསེར་གྱི་མིང་བྱང་དེ་ཞིང་ཆེན་ཕྱི་ནང་དུ་སྐད་གྲགས་ཆོད་ནས་གནས་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད། མཚོ་བྱང་ནི་མཚོ་སྔོན་དང་ཞིན་ཅང་འབྲེལ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། མདའ་བཞི་རྫོང་ནས་ཟི་ལིང་བར་སྤྱི་ལེ80ཡོད་པ་དང་། མདོ་ལ་རི་བོ་དང་འཇུ་ལག་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་སྒོ་ཡིན་པས་ས་བབ་ཀྱི་ལེགས་ཆ་འབུར་ཐོན་ཡོད། མངའ་ཁོངས་ནང་མཁའ་འགྲུལ་དང་ལྕགས་ལམ། མྱུར་བགྲོད་གཞུང་ལམ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱིས་རྫོང་བཞི་དང་སྦྲེལ་མཐུད་བྱས་ཡོད་པས། སྟབས་བདེའི་འགྲིམ་འགྲུལ་གྱིས་ཁེ་ལས་འཕེལ་རྒྱས་གཏོང་བར་སྟབས་བདེ་བསྐྲུན་ཡོད། འོད་ཤུགས་དང་རླུང་གློག་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་གཞི་ཁྱོན་ཅུང་ཆེན་པོ་ལྡན་པར་མ་ཟད་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱང་ཆེན་པོ་ལྡན་པས་ཁེ་ལས་འཕེལ་རྒྱས་ཀྱི་ལྟེ་བའི་མ་གནས་དམའ་རུ་ཆེས་ཆེར་འགྲོ་སྲིད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁེ་ལས་ལ་ཕན་ཡོན་སྐྱེལ་པའི་སྲིད་ཇུས་ཁག་གཅིག་བཏོན་པས་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ཉིན་བཞིན་ཇེ་ལེགས་སུ་ཕྱིན་ཡོད། ལས་ལ་བརྩོན་ཞིང་བབ་ཆགས་པའི་མཚོ་བྱང་མི་དམངས་ཀྱིས་ལུའུ་ཧྲང་པིན་ལིན་ཇུས་འགོད་གླིང་དང་ལིན་དབྱི་གྲོང་ཁྱེར་སྐྱེལ་འདྲེན་སྡེ་ཚོགས། ཧྲན་ཏུང་ཤུགས་རྐྱེན་ནུས་པའི་རིག་ནུས་ཚན་རྩལ་ཚད་ཡོད་སྤྱི་གཉེར་སོགས་སྟོབས་ལྡན་ཁེ་ལས་ཀྱིས་མཚོ་བྱང་དུ་མ་འཇོག་འཕེལ་རྒྱས་བཏང་སྟེ་མཚོ་བྱང་དུ་མཛོད་ཉར་ཟོག་འགྲེམས་དང་རིག་ནུས་འཁྱགས་སྦྲེལ་སོགས་གསར་དར་ཐོན་ལས་ནང་འདྲེན་བྱ་རྒྱུར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས་པ་དང་། གཞི་གྲངས་ལྟེ་གནས་དང་སྤྲིན་རྩིས། གཞི་གྲངས་ཆེན་པོ་བཅས་གཞི་གཅིག་ཅན་གྱི་རྩིས་རྒྱག་ཤུགས་ཀྱི་དྲ་བའི་མ་ལག་གསར་འཛུགས་བྱེད་པ། མཚོ་བྱང་གནས་སྐོར་ཐོན་ལས་གསར་སྤེལ་ཤུགས་ཆེན་བྱེད་པ་དང་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ལྗོངས་ཁུལ་དྲིལ་སྒྲོག་བྱེད་པ། ཁ་གཏད་རོགས་སྐྲུན་གྱི“རིམ་སྤོར”པར་གཞི་གཏོད་པ་བཅས་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་བརྗེ་རེས་མཉམ་ལས་སྔར་བས་གཏིང་ཟབ་པ་དང་རྒྱ་ཆེ་བ། བརྩེ་སེམས་ལྡན་པ་བཅས་ཡོང་དགོས་པར་བསྟན།

微信图片_20230530105423.jpg

  ཁེ་ལས་པ་ཚོས་མཚོ་བྱང་དུ་མ་འཇོག་ལས་གཏོད་བྱེད་འདོད་ཀྱི་འདུན་པ་བསྟན་པ་དང་མཚོ་བྱང་གི་ཐོན་ཁུངས་ལེགས་ཆ་གང་ལེགས་སྤྱད་དེ་མཚོ་སྐྱོར་ལས་དོན་ལས་སྟེགས་ལ་བརྟེན་ནས་མཉམ་ལས་བརྗེ་རེས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ལས་གཞི་ལེགས་པོ་སྣ་ཚོགས་མཚོ་བྱང་དུ་སྔ་མོ་ནས་དོན་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན་པར་མ་ཟད། ཉེ་འཁོར་གྱི་ཁེ་ལས་ཀྱིས་མཚོ་བྱང་དུ་མ་འཇོག་བྱེད་པ་དང་འཛུགས་སྐྲུན་བྱ་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱེད་པ། མཚོ་བྱང་གི་དམངས་འཚོའི་བྱ་གཞག་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་ནུས་པ་གང་ཡོད་བཏོན་ནས་ཁེ་ལས་འཕེལ་རྒྱས་གཏོང་ཆེད་ལེའུ་གསར་བ་ཞིག་བརྩམ་སྟེ་མཉམ་ལས་མཉམ་རྒྱལ་དང་གཉིས་རྒྱལ་གཉིས་ཕན་ཡོང་བ་མངོན་འགྱུར་བྱ་རྒྱུ་ཡིན་ཚུལ་བཤད།

微信图片_20230530105429.jpg

རུང་ཧུང་ཀྲི་ཡིས་ཕེབས་རོགས་གནང་།    


མཉམ་སྤྱོད།