མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-31 09:30:11   |   156

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ5ཚེས30ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྐབས། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་ནས། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

    微信图片_20230531092900.jpg

  • ཚེས30ཉིན་གྱི་དུས་ཚོད9:31སྟེང་། ལྷ་གྲུ་ཨང་བཅུ་དྲུག་པ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་ཐེག་འཁུར་བྱས་པའི་རྒྱང་སྐྱོད་ཨང་གཉིས་པའིFརྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཅུ་དྲུག་པ་དེ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧེ་ཕུང་དང་ཀྲུའུ་དབྱང་ཀྲུའུ། ཀེ་ཧེ་ཁྲོ་བཅས་བདེ་བླག་ངང་བར་སྣང་དུ་བསྐྱོད།

    微信图片_20230531092907.jpg

  •        ཚེས30ཉིན་གྱི་ཆུ་ཚོད18ཙམ་ལ། ལྷ་གྲུ་ཨང་བཅོ་ལྔ་པ་དང་བཅུ་དྲུག་པའི་འཕུར་སྐྱོད་ཚོགས་པ་གཉིས་ཀྱི་འཇིག་རྟེན་འཕུར་་སྐྱོད་པ6ཀྲུང་གོའི་བར་སྣང་ས་ཚིགས་ནས་རྒྱལ་ཁའི་ངང་མཉམ་འཛོམས་བྱུང་།

  • ད་ལོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས། སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་གྲོས་གཞི་ཁག18ལ་ཐོག་མར་གྲོས་ཞིབ་བྱེད་རྩིས་ཡོད།

  • སློབ་གསོ་པུ་སོགས་སྡེ་ཁག18ཀྱིས་ཡིག་ཆ་བཀྲམ་སྟེ་དུས་རབས་གསར་པའི་སློབ་གྲྭ་ཆུང་འབྲིང་གི་ཚན་རིག་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ་དང་། ས་གནས་ཁག་གིས་སློབ་ཚན་གྱི་ཚད་གཞི་དང་སློབ་དེབ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་ཟུར་ཁྲིད་དཔེ་ཆ་དེ་ལྟ་སྐུལ་དོ་དམ་མ་ལག་ནང་འཇུག་དགོས་པའི་བླང་བྱ་བཏོན།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུ་ཡིས་བརྡ་ཐོ་བཏང་བ་སྟེ། སྨན་བཅོས་སྒྲིག་ཚན་གྱིས་ན་ཟུག་དང་བདེ་ཐང་དོ་དམ་སོགས་རྣམ་པ་གསར་བའི་སྒོ་བརྟག་སྨན་ཁང་བཙུགས་ནས་མང་ཚོགས་ཀྱི་སྨན་བཅོས་མྱོང་ཚོར་ལེགས་སུ་གཏོང་དགོས་པའི་སྐུལ་མ་བཏང་།

  • ཀྲུང་གོའི་ཟོག་འགྲེམ་དང་ཉོ་སྒྲུབ་ཀྱིས་མཉམ་འབྲེལ་ཐོག་གཞི་གྲངས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམ་སྡོམ་འབོར་སྒོར་དུང་ཕྱུར་ཁྲི107.6ཟིན་པ་དེ་དུས་མཚུངས་ལས་4.4%འཕར་ཡོད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་སུ་རྣམ་པ་གསར་བའི་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཁྲི46.4རྩད་ཆོད་པ་དང་། ཉེས་གསོག་ཚོགས་པའི་མགོ་གཙོ་དང་རྐང་འཛིན351འཛིན་བཟུང་བྱས།

    微信图片_20230531092914.jpg

  • ཉེ་ཆར་སེར་ཝེ་ཡ་ཁོ་སུའོ(塞尔维亚科索沃)དང་མེ་མེ་ཐོ་ཞིས་ཡ་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་ཡོད། རང་རྒྱལ་གྱི་ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་ཏན་ཏིག་བྱེད་དགོས་པའི་གསལ་འདེབས་བྱས།

སྤྱི་ཚོགས།

  • མ་འོངས་པའི་ཉིན་གསུམ་ནང་། ཧྭ་ལྷོའི་ས་ཆ་མང་ཆེ་བ་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོ། ཀུའེ་ཀྲོའུ་ལྷོ་རྒྱུད་སོགས་སུ་དྲོད་ཚད35℃ཡན་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད40℃ཡན་ཟིན་ཡོད།

  • ཟླ5ཚེས30ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང(ཚད་ལྡན་ཐོན་རྫས)ཏུན་རེར་སྒོར100དང་སྒོར95རེ་མཐོ་རུ་བཏང་ཡོད། 

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས2022ལོའི་ཐོན་རྫས་ཀྱི་སྤུས་ཚད་རྒྱལ་ཁབ་ཀྱི་ལྟ་སྐུལ་འཐེན་བཤེར་གནས་ཚུལ་ཁྱབ་བསྒྲགས་བྱས་པ་སྟེ། ཁྱིམ་སྤྱོད་ཀྱི་ཉལ་ཁྲི་ཉིས་བརྩེགས་དང་། གློག་སྒུལ་སྐམ་རྡང་། ལིན་ལུད་བཅས་ཀྱི་འཐེན་བཤེར་ཚད་གཞི་མི་ལོན་ཚད་ཆེས་མང་།

微信图片_20230531092921.jpg

  •         ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་རང་རྒྱལ་གྱི་གྲངས་རིག་མཁས་ཅན་ཝན་ཀྲེ་ཞན་ནད་གཞིའི་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེས30ཉིན་པེ་ཅིང་དུ་སྐུ་གཤེགས་པ་དང་དགུང་ལོ95ཡིན།

    微信图片_20230531092928.jpg

  • གནའ་རྫས་རྟོག་ཞིབ་པས་ཧྲའན་ཞིས་ནུབ་བྱང་རྒྱུད་ཀྱི་ཆིང་ཅན་རྫོང་དུ་ད་ལྟའི་བར་ལོ་ངོ3200ཙམ་ཡོད་པའི་ཧྲང་རྒྱལ་རབས་ཀྱི་འདུས་སྡོད་ས་ཁུལ་གྱི་གནའ་ཤུལ་ཆེ་གྲས་ཤེས་རྟོགས་བྱུང་བ་དང་། ལི་འཁོར་རྟ་ཆས་དང་གཡང་ཊིའི་ཡོ་བྱད་སོགས་གནའ་ཤུལ་འབོར་ཆེན་ཐོན།

སྲིད་ཇུས།

  •  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས《ཁྱིམ་ཚང་གི་སློབ་གསོའི་མཛུབ་ཁྲིད་ལས་དོན་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་པ་དང་། མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཐོར་བའི་གྱོད་གཞི་ཞིབ་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད། ན་སོ་དར་ལ་མ་བབས་པའི་བུ་ཕྲུག་ཡོད་པའི་ཁྱོ་ཤུག་ཕྱོགས་གཉིས་ཀར་ཁྱིམ་ཚང་གི་སློབ་གསོའི་མཛུབ་ཁྲིད་བྱེད་དགོས་པ་ཁ་གསལ་བཏོན། 

  • ཐེན་ཅིན་གྱིས་རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་ཁྲིམས་ཀྱིས་འགྲུལ་སྲུང་བྱས། ཆ་རྐྱེན་འཛོམས་པའི་ཁྲོམ་གཞུང་དང་སྤྱི་གླིང་སོགས་སུ་དུས་ཆེན་དང་གུང་གསེང་གི་རྐང་ཐང་ཁྲོམ་གཞུང་དང་གཟའ་མཇུག་གི་ཚོང་འདུས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་ལྕག་བཏང་།

  • ཧྲང་ཧེ་ཡིས་བྱེད་ཐབས20བཏོན་ནས་དམངས་ཁྲོད་ཀྱི་མ་འཇོག་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ཁེ་ལས་ཀྱི་ས་ཆའི་མ་གནས་དམའ་རུ་གཏོང་བ་ཁ་གསལ་བཏོན་པ་དང་། ཐོན་ལས་ཀྱི་ས་ཆ་སྤྱོད་པའི་རིན་གོང་ལ་མ་མཐའི་དོ་དམ་རྩ་དོན་ལག་བསྟར་བྱས་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་ཤར་རྒྱུད་དང་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧྲའན་ཞིའི་ལྷོ་ནུབ་རྒྱུད་དང་། སི་ཁྲོན་གཤོང་སའི་ཤར་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།

    微信图片_20230531092934.jpg


མཉམ་སྤྱོད།