མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་ཧྲན་ཏུང་འཇོན་མི་འཕེལ་རྒྱས་ཚོགས་པ་རུ་རྟོག་ཞིབ་གནང་བར་ཕེབས་པ།

2023-05-31 17:55:48   |   355

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ5པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་དང་མཉམ་དུ་ཅི་ནན་གྲོང་ཁྱེར་དུ་ཧྲན་ཏུང་མཚོ་སྔོན་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་རྗེས་ཧྲན་ཏུང་འཇོན་མི་འཕེལ་རྒྱས་ཚོགས་པ་རུ་རྟོག་ཞིབ་གནང་བར་ཕེབས།

微信图片_20230531181524.jpg

ཡུལ་དངོས་ནས་ཧྲན་ཏུང་ཞིང་ཆེན་གྱི་འཇོན་མིའི་གཞི་གྲངས་ཆེན་མོའི་སྟེགས་བུ་ལ་གཟིགས་སྐོར་གནང་ཞིང་། ཚོགས་པའི་འགན་འཁུར་བ་དང་ཚོང་འདྲེན་མ་འགུགས་དང་། ཞིབ་གཙིགས་འཇོན་མི་ནང་འདྲེན། མཉམ་ལས་ཀྱི་འདོད་འདུན་ཡི་གེ་འཇོག་པ་སོགས་ཀྱི་དོན་གནད་ཐད་ངོ་འཕྲད་གྲོས་སྡུར་བྱས། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཧྲན་ཏུང་ཞིང་ཆེན་ལ་ཚན་རིག་ཞིབ་འཇུག་དང་། ལག་རྩལ། འཇོན་མི་སོགས་ཀྱི་ཆ་རྐྱེན་ལེགས་པོ་ལྡན་པ་དང་། ཧྲན་ཏུང་འཇོན་མི་འཕེལ་རྒྱས་ཚོགས་པ་ནི་ཧྲན་ཏུང་ཞིང་ཨུའི་རྩ་འཛུགས་པུས་ལས་སྒོའི་སློབ་སྟོན་གནང་བའི་ལས་ཁུངས་ཡིན་ཏེ། ཚོགས་པའི་ཐོན་རྫས་ཞབས་ཞུ་དང་། ལས་རིགས་ཤུགས་རྐྱེན། གྲངས་འཛིན་ཆུ་ཚད་སོགས་སྔོན་ཐོན་དུ་གནས་པས། མཉམ་སྐྲུན་སྤེལ་རེས་བྱས་ཏེ་མཚོ་བྱང་ཁུལ་གྱི་འཇོན་མི་ལས་དོན་འཕེལ་རྒྱས་ལ་རོགས་སྐྱོར་དང་རོགས་རམ་བྱ་རྒྱུའི་རེ་བ་བཏོན་ལ། ཀོ་བ་དང་བལ། ཁུ་ལུ་བཅས་ཀྱི་ལས་སྣོན་དང་། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད། ཀྲུང་བོད་གསོ་རིགས་སྨན་རྫས་ལས་སྣོན་ཞིབ་འདོན། ཚ་ནུས་ཐོན་ཁུངས་བེད་སྤྱོད། ཁེ་ལས་གཉེར་སྐྱོང་དོ་དམ། རྡོ་སོལ་གཏེར་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ཧྲན་ཏུང་ཞིང་ཆེན་གྱི་འཇོན་མི་ནང་འདྲེན་བྱས་ཏེ།  མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཁ་གཏད་རོགས་སྐྱོར་དང་ཚོགས་སྒྲིག་རོགས་སྐྱོར་སོགས་ཀྱི་རྣམ་པའི་སྟེང་ནས་འཇོན་མི་དང་རིག་སྟོབས་ཀྱིས་རྒྱབ་སྐྱོར་གནང་དགོས་པ་བསྟན། དེ་དང་ཆབས་ཅིག་ཏུ། ཧྲན་ཏུང་གི་འཇོན་མི་འཕེལ་རྒྱས་ཚོགས་པས་ཧྲན་ཏུང་ཞིང་ཆེན་གྱི་རིགས་སོ་སོའི་འཇོན་མི་དང་ཚོགས་པའི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་མཚོ་བྱང་དུ་ཡོང་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སློབ་གསོ་དང་ལེན་བྱེད་པར་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་བྱེད་ཡིན་ཚུལ་བསྟན།

微信图片_20230531181530.jpg

ཚོགས་ཁག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྐང་གཉེར། ཐེ་ཧྲན་མཐོ་རིམ་སྤྱི་གཉེར་དཔྱད་སྦྱོང་གླིང་གི་གླིང་གཙོ་དབྱང་ཀོང་ཅུན་གྱིས་བསྟན་དོན། འཇོན་མི་རིག་སྟོབས་རོགས་སྐྱོར་ནི་ཧྲན་ཏུང་གི་མཚོ་སྔོན་རོགས་སྐྱོར་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཧྲན་ཏུང་འཇོན་མི་འཕེལ་རྒྱས་ཚོགས་པས་ལས་སྒོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་བྱང་དང་ཧྲན་ཏུང་ས་གནས་གཉིས་ཀྱི་འཇོན་མི་སྤེལ་རེས་དང་འགྲོ་འོང་ལ་སྐུལ་འདེད་བཏང་སྟེ། མཚོ་བྱང་གི་རིག་གནས་གནས་སྐོར་དང་། སྨན་བཅོས་འཕྲོད་བསྟེན། ལས་རིགས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་འཇོན་མི་དགོས་མཁོ་ལ་ཧུར་བརྩོན་གྱིས་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་། མཚོ་བྱང་གིས་འཇོན་མི་ལས་དོན་གྲངས་འཛིན་ཆུ་ཚད་མཐོར་འདེགས་བྱེད་པར་རོགས་སྐྱོར་གནང་སྟེ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་དགོས་པ་བསྟན།

微信图片_20230531181536.jpg

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་དང་། སྡེ་ཚོགས་ཀྱི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་གཉེར་བ་གཞོན་པ་ཀྲུའུ་གོ་ལེང་གིས་ཕེབས་རོགས་གནང་།  


མཉམ་སྤྱོད།