མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-01 08:51:05   |   150

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

微信图片_20230601085457.jpg

  • “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ཉེ་བའི་དུས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ5པའི་ཚེས31ཉིན་གྱི་སྔ་དྲོ། པེ་ཅིང་ཡུས་དབྱིན་སློབ་གྲྭར་ཕེབས་ནས། དགེ་སློབ་ལ་གཟིགས་ཏེ་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས།

  • ཟླ6པའི་ཚེས1ཉིན། པར་སྐྲུན་བྱས་པའི་དུས་ཐེངས11པའི《བདེན་འཚོལ》ཞེས་པའི་དུས་དེབ་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ།  《ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན》ཞེས་པ་སྤེལ་རྒྱུ་ཡིན།

  • ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལའི(孟加拉)བྱིས་པ་ཨ་ལི་ཧྥ·ཆིན་ལ་འཕྲིན་ལན་སྤྲིངས་ཏེ། ཁོ་མོ་ལ་སློབ་སྦྱོང་ཧུར་ཐག་དང་ཕུགས་འདུན་དོན་གཉེར་བྱས་ནས་ཀྲུང་གོ་དང་བྷང་ག་ལའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་གནང་།

微信图片_20230601085503.jpg

  • ཞིང་ལས་དང་གྲོང་གསེབ་པུ་གྲོ་འཕྲུལ་བསྡུ་བྱེད་ཚད་ལས་མངོན་པ་ལྟར་ན། མིག་སྔར། རྒྱལ་ཡོངས་སུ་དགུན་གྲོའི་རྒྱ་ཁྱོན་མུའུ་ཁྲི4300ལྷག་བསྡུས་ཏེ། མྱུར་ཚད་བཅུ་ཆ་གཅིག་ལས་བརྒལ་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་དཔྱ་ཁྲལ་སྒྲིག་སྲོལ་ཨུ་ལྷན་གྱིས་ཨ་རིར་སྒོ་ཁྲལ་སྤོར་བའི་ཚོང་ཟོག་ལ་ཕྱིར་འབུད་དུས་འགྱང་གི་གསལ་ཐོ་ཐེངས་བཅུ་གཅིག་པ་ཁྱབ་བསྒྲགས་བྱས།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ4པར། རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར3150ཟིན་པ་དང་དེ་དུས་མཚུངས་ལས13.6%འཕར་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས2020ལོ་ནས2022ལོ་བར། ཞིབ་དཔྱོད་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱ་སྤྱད་དེ་ན་གཞོན་ལ་གནོད་འཚེ་བཏང་ནས་བྱས་ཉེས་བཟོ་བའི་དོགས་ཅན་མི་སྣ7761ལ་ཁྲིམས་སྦྱོར་བྱས།

  • ཟླ5པའི་ཚེས31ཉིན། ལྷོ་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ཨ་རིའི་དམག་མིའི་གནམ་གྲུ་རང་རྒྱལ་གྱི་མཚོ་དམག་སྦྱོང་བརྡར་ས་ཁོངས་སུ་བསྐྱོད་དེ་མྱུལ་ཞིབ་དང་འགལ་རྐྱེན་བཟོ་བའི་ཐད་གཏམ་བཤད་སྤེལ་བ་རེད། ཞིབ་འཕྲིན།

  • ཀྲུང་གོ་སྲིད་གཞུང་གི་གདན་ཞུའི་ལྟར། ཐེ་ལན་རྒྱལ་ཁབ་ཀྱི་མ་ཧ་ཀྲ་ཁེ་ལི· ཧྲི་ལིན་ཐུང་ཀོང་ཇོ་མཆོག་ཟླ6པའི་ཚེས1ནས་ཚེས6ཉིན་བར་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མཚོ་རླུང་དྲག་པོའི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ཐའེ་ཝན་མཚོ་འགག་དང་། ཧྥུ་ཅན་མཚོ་རྒྱུད། ཀྲེ་ཅང་མཚོ་རྒྱུད་སོགས་སུ་རླུང་ཆེན་རིམ་པ6-7བར་གཡུག་རྒྱུ་ཡིན།

  • ཟླ5པའི་ཚེས31ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འདམ་རའི་སྐྱེས་ཁམས་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ12ཁྱབ་བསྒྲགས་བྱས་ཏེ། དེ་ནི་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དངོས་རིགས་སྲུང་སྐྱོང་སོགས་ཕྱོགས་མང་པོའི་ནང་དོན་དང་འབྲེལ་བ་ཡོད།

  • ཟླ5ཚེས30ཉིན། ཀྲུང་གོ་རྡོ་སྣུམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ནང་གི་ཐེངས་གཅིག་རང་བཞིན་གྱི་འཛུགས་སྐྲུན་གཞི་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་རིམ་པའི་བཙོ་སྦྱང་ལས་གཞི་སྟེ། ཀྲུང་གོ་རྡོ་སྣུམ་ཀོང་ཏུང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཕྱོགས་ཡོངས་ནས་ཚོང་ལས་གཉེར་སྐྱོང་བྱེད་མགོ་ཚུགས་པ་དང་། དེས་ཧྭ་ལྷོའི་ས་ཁུལ་གྱི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་མི་འདང་བའི་གནད་དོན་ལ་ཁ་གསབ་བྱ་རྒྱུ་རེད།

微信图片_20230601085514.jpg

  • ཟླ5པའི་ཚེས31ཉིན། འཇར་པན་གྱི་མིང་ཀུའུ་ཝུའུ་རུ་སྤེལ་བའི2023ལོའི་འཛམ་གླིང་བུད་མེད་སྟར་གྲུག་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཡན་ལག་ས་ཚིགས་ཀྱི་འགྲན་བསྡུར་ཁྲོད། ཀྲུང་གོའི་བུད་མེད་སྟར་གྲུག་སྤོ་ལོའི་རུ་ཁག་གིས་བསྡུར་གྲངས་དེ3བསྡུར2ཀྱིས་བྷ་རེ་ཟེ་རུ་ཁག་ཕམ་པར་བརྒྱབ་སྟེ་གྲུབ་འབྲས་ལེགས་པོ་ཐོབ་པ་རེད།

སྲིད་ཇུས།

  • ཧུའུ་ནན་གྱིས་ངོས་འཛིན་བྱས་པ་བརྒྱུད་པའི་རིམ་པ་སོ་སོའི་ལས་གཏོད་གསོ་སྐྱོང་རྟེན་གཞིས་ཞབས་ཞུའི་ཕན་འབྲས་ལ་གཞིགས་ནས། ལོ་རེར་ལོངས་སུ་སྤྱོད་ཆོག་པའི་ལས་གཏོད་ཞབས་ཞུའི་ཁ་གསབ་སྒོར་མོ་ཆེས་མཐོ་ཤོས་སྒོར་ཁྲི40ལས་བརྒལ་མི་ཆོག་པ་གཏན་འཁེལ་བྱས་འདུག

  • ཧེ་ལུང་ཅང་གི་གྲོང་ཁུལ(གྲོང་རྡལ)ཐམས་ཅད་གཞིས་ཆགས་ཚོད་འཛིན་ཕྱོགས་ཡོངས་ནས་མེད་པ་བཟོས་པ་དང་། མང་ཚོགས་ལ་རྒྱུན་དུ་སྡོད་གནས་སུ་གཞིས་ཆགས་ཀྱི་དགོས་མཁོ་ཡོད་ན། རང་ཉིད་ཀྱིས་འབྲེལ་ཡོད་དཔང་ཡིག་མཁོ་འདོན་བྱས་ཚེ་རེ་ཞུ་ལ་བརྟེན་ནས་གཞིས་ཆགས་ཆོག་པ་ཡིན།

  • ཧྲན་ཞི་ཡིས་བྱེད་ཐབས་ཁྱབ་བསྒྲགས་བྱས་ཏེ། མ་དངུལ་འཇོག་ཕྱོགས་ཀྱི་ཁྱབ་ཁོངས་བླང་བྱ་དང་མཐུན་པའི་གསར་དུ་ལས་མགོ་བརྩམས་པའི་དམངས་ཁྲོད་ཀྱི་མ་འཇོག་ལས་གཞི་ལ་བརྒྱ་ཆའི་གྲངས་གཉིས་ཀྱི་དངུལ་བུན་སྐྱེད་ཀ་དང་དུས་བཀག་ལོ་གཉིས་སྤྲོད་པ་ཡིན།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཧེ་ལུང་ཅང་གི་ཤར་རྒྱུད་དང་ལིའོ་ཉིང་གི་ཤར་རྒྱུད། ཧྲན་ཞི་ཡི་ལྷོ་ནུབ་རྒྱུད། སི་ཁྲོན་གྱི་ཤར་རྒྱུད། ཁྲུང་ཆིང་། ཀུའེ་ཀྲོའུ། ཀོང་ཏུང་གི་དབུས་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་བ་འབྲིང་བ་ནས་ཆེ་བར་འབབ་རྒྱུ་ཡིན་པ་དང་། དེའི་ནང་དུ་སི་ཁྲོན་གཤོང་སའི་ལྷོ་རྒྱུད་དང་། ཁྲུང་ཆིང་དབུས་ནུབ་རྒྱུད། ཀུའེ་ཀྲོའུ་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།

微信图片_20230601085524.jpg


མཉམ་སྤྱོད།