མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞི་ཅིན་ཕིང་གིས་བྱིས་པ་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་འདུག

2023-06-01 09:20:38   |   142

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


图片4.png

“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་དུས་འདིར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ5པའི་ཚེས31ཉིན་གྱི་སྔ་དྲོར། པེ་ཅིང་ཡུས་དབྱིན་སློབ་གྲྭར་ཕེབས་ཏེ། དགེ་སློབ་ལ་འཚམས་འདྲི་ཞུས་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས།

微信图片_20230601154921.jpg

          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།  ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་དང་ཀྲུང་ཧྭ་མི་རིགས་ཀྱི་རེ་བ་ཡིན།  དུས་རབས་གསར་པའི་ཀྲུང་གོའི་བྱིས་པ་ནི་ཕུགས་བསམ་ལྡན་པ་དང་།  སློབ་སྦྱོང་དང་ངལ་རྩོལ་ལ་དགའ་ཞེན་ཆེ་བ།  དྲིན་ཚོར་དང་མཛའ་མཐུན་ཤེས་པ།  གསར་གཏོད་དང་འབད་འཐབ་བྱེད་ཕོད་པ།  ཀུན་སྤྱོད་དང་།  ཤེས་རིག ལུས་རྩལ། མཛེས་དཔྱོད།  ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བའི་བྱིས་པ་བཟང་པོ་ཞིག་བྱེད་དགོས།  སློབ་མ་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཆེད་སློབ་ལ་བརྩོན་པའི་འདུན་པ་བཅངས་ཏེ།  ཁྱིམ་བདག་གི་རེ་བ་དང་ཏང་དང་མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་མི་གཏོང་བའི་རེ་བ་བཏོན།

微信图片_20230601154926.jpg

          ཞི་ཅིན་ཕིང་གིས་བསྟན་དོན།  སློབ་གསོའི་རྩ་བའི་ལས་འགན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་དགོས་ཤིང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན སློབ་མའི་ཕུགས་བསམ་དད་སེམས་དང་། ཀུན་སྤྱོད་གཤིས་རྒྱུད། ཤེས་ཡོན་རིག་སྟོབས། ལུས་སེམས་ཀྱི་བྱང་ཚད་སོགས་ཕྱོགས་གང་ཅིའི་ཐད་ནས་གསོ་སྐྱོང་བྱེད་དགོས། “ཁུར་པོ་ཡང་གཏོང་གཉིས”སྲིད་ཇུས་དོན་འཁྱོལ་གནད་སྨིན་ལ་བརྒྱུད་རིམ་ཞིག་དགོས་པས་སྙིང་རུས་གཏན་འཁྱོངས་བྱེད་དགོས། ཁྱིམ་བདག་དང་། སློབ་གྲྭ སྤྱི་ཚོགས་སོགས་ཚང་མའི་ངོས་འཛིན་ཟབ་ཏུ་འགྲོ་བར་ཁྲིད་སྟོན་བྱས་ཏེ། “ཁུར་པོ་ཡང་གཏོང་གཉིས”ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་ཡོང་བར་སྐུལ་འདེད་བཏང་ནས་སློབ་མའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་ལ་སྐུལ་མ་གཏོང་དགོས།

微信图片_20230601154931.jpg

          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།  ཤེས་བྱ་དང་གནས་ལུགས་མང་པོ་ཞིག་ངལ་རྩོལ་དང་འཚོ་བ་ནས་བྱུང་བ་ཞིག་ཡིན། ཕྲུ་གུ་ཚོས་ཆུང་དུས་ནས་ངལ་རྩོལ་གྱི་འདུ་ཤེས་འཛུགས་པ་དང་། ངལ་རྩོལ་གྱི་གོམས་གཤིས་འཇགས་པར་བྱེད་པ། ངལ་རྩོལ་གྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ཚེ།   ཁོང་ཚོས་ཤེས་བྱ་ཡོན་ཏན་སྦྱོང་བར་ཕན་ཐོགས་ཡོད། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་ཕྲུ་གུ་ནས་དམ་འཛིན་བྱེད་དགོས་པ་དང་། གསོན་ཉམས་ལྡན་ཞིང་སྤྲོ་སྣང་ཆེ་བའི་ངལ་རྩོལ་ཉམས་ལེན་གྱི་སློབ་ཚན་འཚོགས་ཏེ། ཕྲུ་གུ་སོ་སོས་ལག་པ་འགུལ་བ་དང་། ཉམས་ལེན་བྱེད་པ། གོ་རྟོགས་སད་པ་བཅས་ཡོང་བ་དང“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་སྔ་ས་ནས་ཕྲུ་གུའི་སེམས་ལ་ཟུག་པར་བྱེད་དགོས།

图片7.png

          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།  ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འགག་རྩ་ནི་དགེ་རྒན་ལ་ཐུག་ཡོད།  རྒྱ་ཆེའི་དགེ་རྒན་ཚོས་ཏང་གི་ཆེད་དུ་མི་སྣ་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ཡོན་ཅན་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ།  མི་དམངས་ཀྱི་སློབ་གསོ་མཁས་ཅན་མིག་དཔེར་འཛིན་པ་དང་།  སྤྱོད་བཟང་ལ་བརྟེན་ནས་རང་ཚུགས་ཐུབ་པ། སྤྱོད་བཟང་ལ་བརྟེན་ནས་སློབ་གཉེར་བྱེད་པ། སྤྱོད་བཟང་ལ་བརྟེན་ནས་སློབ་ཁྲིད་བཅས་བྱེད་དགོས།  སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་བཏོད་ནས།  དགེ་རྒན་གྱི་ལས་རིགས་དེ་སྤྱི་ཚོགས་ཀྱིས་བརྩི་འཇོག་ཆེ་ཤོས་དང་ཀུན་གྱིས་ཡིད་སྨོན་ཆེ་ཤོས་བྱེད་པའི་ལས་རིགས་ལ་འགྱུར་བ་བྱས་ཏེ། ཕུལ་བྱུང་གི་ཤེས་ལྡན་པ་ཚོས་སློབ་གསོའི་ལས་ལ་ཧུར་ཐག་ཞུགས་པ་དང་ཕུལ་བྱུང་དགེ་རྒན་ཟམ་མི་ཆད་པར་ཐོན་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་པར་བྱེད་དགོས།

微信图片_20230601154940.jpg

          ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་དོ་ཁུར་བྱས་ནས། སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་དེ་བས་ལེགས་པའི་ཁོར་ཡུག་ཅིག་ཧུར་ཐག་གཏོད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཡོད་པས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་དུ་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་བྱིས་པ་རྣམས་ལ་དེ་བས་བདེ་སྐྱིད་ལྡན་པ་དང་། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད།


མཉམ་སྤྱོད།