མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདའ་བཞི་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་བཏང་བ།

2023-06-01 15:51:06   |   563

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཞིང་ཆེན་དང་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། མདའ་བཞི་རྫོང་གིས“ལས་ཞུགས་ནི་དམངས་འཚོ་ཆེས་ཆེ་ཤོས་ཡིན་པའི”ཞབས་ཞུའི་འདུ་ཤེས་བརྟན་པོ་བཙུགས་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ནུས་པ་ཆེ་རུ་བཏང་ནས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། དབང་པོ་སྐྱོན་ཅན་གྱི་རང་སྟོབས་ལས་གཏོད་དང་སྟབས་བསྟུན་ལས་ཞུགས་ལ་རོགས་སྐྱོར་ཤུགས་ཆེན་བྱས་པས་རྫོང་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་བླངས།

འབྱུང་རྐྱེན་གསལ་རྟོགས་བྱས་ཏེ་གནད་ཁེལ་འགན་སྲུང་ལག་བསྟར་བྱས། དབང་པོ་སྐྱོན་ཅན་གྱི་འཕེལ་རྒྱས་དགོས་མཁོ་ཤེས་རྟོགས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གནད་འགག་ཆེ་སར་བརྩིས་ནས“ཁྱིམ་ཚང་དུ་ཕྱིན་དེ་རྟོག་དཔྱོད་དང་བཞུགས་མོལ་སྤེལ་རེས། ཁ་པར་བསྡུ་ལེན”སོགས་ཀྱི་རྟོག་དཔྱོད་བྱེད་སྟངས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་མ་ལག་གི་གྲངས་གཞི་ཆེ་མོའི་དགེ་མཚན་འདོན་སྤེལ་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གནས་ཚུལ་གྱི་གཞི་གྲངས་ཁྱོན་ཡོངས་ནས་གསལ་རྟོགས་བྱེད་པ་དང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་གནས་ཚུལ་གྱི་རྩིས་ཁྲ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རིགས་ཞིབ་ཕྲ་བཟོ་བ་བཅས་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལས་ཀའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་པས། མིག་སྔར་རྫོང་ཡོངས་ཀྱི་ལས་ཞུགས་ལོ་ཚད་ལ་ངལ་རྩོལ་ནུས་ཤུགས་ལྡན་པའི་དབང་པོ་སྐྱོན་ཅན587ལས་ཞུགས་ཐུབ་ཡོད། 

ནུས་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བྱས་བ། “ལོ་ལྔ་ཚན་བཅུ་བཞི་པའི”དབང་པོ་སྐྱོན་ཅན་གྱི་ལས་རིགས་ནུས་རྩལ་མཐོར་གཏོང་འཆར་གཞི་མུ་མཐུད་དོན་འཁྱོལ་བྱས་ཏེ། དུས་མགོའི་རྩིས་བཤེར་དང་གྲལ་བཤེར་གྱི་རྩིས་ཁྲ་ལྟར་དབང་པོ་སྐྱོན་ཅན་གྱི་ཁྱད་ཆོས་དང་རང་གཤིས་མི་འདྲ་བའི་དགོས་མཁོར་གཞིགས་ནས“གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་དངོས་སྤྱོད་ལག་རྩལ་གསོ་སྦྱོང”དང“གློག་རྡུལ་ཚོང་དོན་གསོ་སྦྱོང”“ཁྱིམ་སྤྱོད་གློག་ཆས་ཉམས་གསོ”སོགས་ཚད་མཐོའི་གསོ་སྦྱོང་བྱས་རྗེས་ལས་ཞུགས་ཕན་འབྲས་ལེགས་པའི་ལས་རིགས་ཀྱི་ནུས་རྩལ་གསོ་སྦྱོང་བྱས་པ་མ་ཟད། གསོ་སྦྱོང་ཁ་གསབ་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་ཐབས་ལམ་མང་པོར་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་གནད་འཁེལ་གསོ་སྦྱོང་ཐོན་ཁུངས་མཁོ་སྤྲོད་ཆེ་རུ་བཏང་། 2023ལོར་མི2ལ་ལས་རིགས་གསོ་སྦྱོང་ལེགས་འགྲུབ་བྱེད་པ་དང་། མི70ལ་ནུས་རྩལ་གསོ་སྦྱོང་བྱ་རྩིས་ཡོད་ཅིང་། བསྡུར་ཚད་ལྟར་མི4ལས་ཞུགས་བཀོད་སྒྲིག་བྱ་རྒྱུ། 

ལས་ཞུགས་ཞབས་ཞུ་ལེགས་བཅོས་དང་ལས་ཞུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ། ཏང་ཨུའི་མགོ་ཁྲིད་དང་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་འཆར་འགོད་སྣེ་ཁྲིད་ལ་དོ་སྣང་བྱེད་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དབང་པོ་སྐྱོན་ཅན་རྣམས་ལས་ཞུགས་ཀྱི་གཙོ་གནད་རོགས་སྐྱོར་བྱ་ཡུལ་དུ་བརྩིས་ནས་མ་དངུལ་འཇོག་ཤུགས་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་དོན་གྱི་རྨང་གཞི་སྲ་བརྟན་དུ་བཏང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལས་དོན་གྱི་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། དམངས་སྲིད། བཟོ་འཕྲིན་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ། ནུས་པ་འདོན་སྤེལ་བྱེད་པ་དང་མཐུན་སྦྱོར་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་དགོས། 



མཉམ་སྤྱོད།