དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-02 08:46:51   |   6430

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ6པའི་ཚེས1ཉིན། ལྷ་གྲུ་ཨང་བཅོ་ལྔ་པའི་འཚོལ་སྐྱོབ་ཚུར་བསྡུའི་ལས་འགན་ལ་ཆེས་མཐའ་མའི་མ་ལག་ཡོངས་ཀྱི་ཕྱོགས་བསྡུས་གྲབས་སྦྱོང་བྱས་ཤིང་། ཤར་རླུང་ཐང་འབབ་ར་བར་དབྱིངས་སྐྱོད་པ་ཁྱིམ་དུ་ལོག་པར་དགའ་བསུ་ཞུ་བའི་གྲ་སྒྲིག་བྱས། 

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1—4བར། རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར20816.5ཟིན་ཞིང་དེ་དུས་མཚུངས་ལས9.1%འཕར་ཡོད།

  • 2023ལོར་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་མིང་ཐོ་འགོད་མཁན་མི་གྲངས་ཁྲི1291ཟིན་པ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • རྒྱལ་ཡོངས་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་གྱིས་སྡོམ་རྩིས་བྱས་པར་གཞིགས་ན། 2022ལོའི་ཟླ12ཚེས31ཉིན་བར། རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཁྲི11467.1ཡོད།

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུ་དང་སློབ་གསོ་པུས་ཡིག་ཆ་བཀྲམ་སྟེ། སློབ་ཆེན་སློབ་མ་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཏུ་ཞུགས་པའི་འབྲེལ་ཡོད་ལས་དོན་ལེགས་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་སྦྲུམ་མ་ཤི་ཚད་དང་། ཁྱེའུ་ཤི་ཚད། ལོ་ལྔ་མན་གྱི་བྱིས་པ་ཤི་ཚད་སོགས་ལོ་རྒྱུས་སྟེང་དུ་ཆེས་དམའ་ཤོས་སུ་ཆག་ཡོད།

    微信图片_20230602091546.jpg

  • ཧེ་ནན་རང་མོས་ཉོ་འཚོང་གྲུ་ཁ་བསྐྲུན་ནས་ལོ་གསུམ་རིང་། ཧེ་ཁོའུ་འགག་སྒོས“སྒོ་ཁྲལ་མེད་པའི”སྲིད་ཇུས་ཀྱི་ལས་གཞིའི་འོག་ནང་འདྲེན་དངོས་ཟོག་ཁྱོན་སྡོམ་སྒོར་དུང་ཕྱུར172.7ལ་ལྟ་སྐུལ་དོ་དམ་བྱས་པ་དང་དཔྱ་ཁྲལ་རྩ་ཆག་གཏོང་ཚད་སྒོར་དུང་ཕྱུར30.8ཟིན་ཡོད།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་མཚོ་དམག་གླས་ནས་ཁེ་ལས་ལ་དམའ་འབེབས་དང་རྫོད་པ་བཟོ་བ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན་ཞེས་གཏན་འབེབས་བྱས་ཡོད།

    微信图片_20230602091511.jpg

  • ཟླ6པའི་ཚེས1ཉིན། རང་རྒྱལ་གྱིས་བཟོས་པའི་སྦྲག་སྲིད་གྲུ་གཟིངས་ཆེ་གྲས་ཐོག་མ་དེ་རྒྱལ་ཁའི་ངང་ཆུ་བླུགས་ནས་ཆུ་ངོས་སུ་གཡེང་ཞིང་། སྔོན་དཔག་བྱས་ན་ཚེས6ཉིན་དངོས་སུ་གྲུ་ས་ནས་ཕྱིར་གཏང་རྒྱུ་རེད།

སྤྱི་ཚོགས།

  • མ་འོངས་པའི་ཉིན་གསུམ་ལ། ཧྭ་ལྷོ་དང་འབྲི་ཆུའི་ལྷོ་རྒྱུད། ཡུན་ནན། སི་ཁྲོན་སོགས་སུ་དྲོད་ཚད35℃ཡན་འཕར་རྒྱུ་རེད། ས་ཁུལ་ཁ་ཤས་སུ37~39℃དང་། ས་ཁུལ་ཁ་ཤས་སུ་40℃ཡན་ལ་སླེབས་རྒྱུ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ5ཚེས31ཉིན་བར། ད་ལོ་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར500ལ་སླེབས།

  • ཉེ་ཆར། རང་རྒྱལ་གྱི་ཁུལ་དུམ་སྦྲེལ་ཐག་ལག་རྩལ་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཚད་གཞི་དང་པོ་སྟེ། 《ཁུལ་དུམ་སྦྲེལ་ཐག་དང་ཁྱབ་ཚུལ་རྣམ་པའི་རྩིས་ཐོའི་ལག་རྩལ། དཔྱད་གཞིའི་སྒྲོམ་གཞི》དངོས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད།

  • སྤྱི་བདེ་པུ་ཡིས་གྲོང་གསེབ་ཀྱི་ཤོ་རྒྱག་རྟོག་འཇལ་ལམ་སྲོལ་བཙུགས་ཏེ། རྒྱལ་ཡོངས་ཀྱི་རྫོང(ཁུལ)101ལ་རྒྱུན་རྣམ་གྱི་རྟོག་འཇལ་ས་ཚིགས་བཙུགས་ཡོད།

  • ཟླ6ཚེས1ཉིན་ནས་བཟུང་། འབྲི་ཆུའི་འབབ་རྒྱུད་དེ་ཕྱོགས་ཡོངས་ནས་འབྲུབ་དུས་གཙོ་བོར་སླེབས་པ་རེད།

    微信图片_20230602091436.jpg

  • ཟླ6ཚེས1ཉིན། རང་རྒྱལ་གྱི་མཚོ་ཐོག་གི་ཏུན་ཁྲི་བརྒྱ་རིམ་པའི་དབྱང་གཉིས་ཐཱན་འགྱུར་བཀག་སྡོམ་བཟོ་སྐྲུན་ཐོག་མ་དེ་སྤྱོད་མགོ་ཚུགས་པ་ཡིན།

སྲིད་ཇུས།

  • ཐེན་ཅིན་གྱིས་གཏན་འབེབས་བྱས་པ་ལྟར་ན། སློབ་ཕྱིའི་གསོ་སྦྱོང་སྒྲིག་ཚན་གྱིས་བྱེད་ཐབས་གང་རུང་སྤྱད་དེ“ཕུལ་བྱུང་སློབ་མ”དང“སྐར་གྲངས་མཐོ་བའི་རྒྱུགས་སྤྲོད་སློབ་མ”སོགས་ཀྱི་བརྗོད་གཞི་དྲིལ་སྒྲོ་དང་འུད་སྒྲོག་བྱས་ནས་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་མི་རུང་བ་བཏོན་ཡོད།

  • ཅང་སུའུ་ཡིས་བྱེད་ཐབས་བཏོན་ཏེ། བཟོ་ལས་ཤུལ་བཞག་གི་ཐོན་ཁུངས་སྤྱད་དེ་ཁྱད་ལྡན་ཁྲོམ་ལམ་དང་གློག་བརྙན་བརྙན་འཕྲིན་རྟེན་གཞི་སོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

  • ཀྲེ་ཅང་གིས་ཁེ་ལས་ཆེ་འབྲིང་ལ་ཉུང་མཐར་ཡང་ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་པ་གཉིས་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཅི་ལིན་གྱི་ཤར་རྒྱུད་དང་མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ལྷོ་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཧུའུ་ནན་གྱི་ནུབ་བྱང་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་། ཀུའེ་ཀྲོའུ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཧྲན་ཞིའི་ལྷོ་རྒྱུད་དང་། སི་ཁྲོན་བྱང་ཤར་རྒྱུད། ཀུའེ་ཀྲོའུ་ཤར་བྱང་རྒྱུད། ཀོང་ཏུང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།

    微信图片_20230602091535.jpg


མཉམ་སྤྱོད།