དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ།

2024-09-13 10:15:53   |   174

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


“ཚང་མ་བཞི”ནི།

ལན། མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་ཆགས་པར་བྱེད་པ་དང་། མི་ཚང་མས་མི་རིགས་སྲིད་ཇུས་ཤེས་པ། མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་སྐད་ཆ་བཤད་པ། མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་བྱ་བ་སྒྲུབ་པ་བཅས་ཡིན།

“མཉམ་གནས་བཞི”ནི།

ལན། སྐྱིད་སྡུག་མཉམ་མྱོང་དང་། དགེ་མཚང་མཉམ་ཁུར། ཤི་གསོན་མཉམ་བསུ། ལས་དབང་གཅིག་སྦྲེལ་བཅས་ཡིན།

“མོས་མཐུན་ལྔ”ནི།

ལན། རླབས་ཆེན་མེས་རྒྱལ་གྱི་མོས་མཐུན་དང་། ཀྲུང་ཧྭ་མི་རིགས་ཀྱི་མོས་མཐུན། ཀྲུང་ཧྭའི་རིག་གནས་ཀྱི་མོས་མཐུན། ཀྲུང་གོ་གུང་ཁྲན་ཏང་གི་མོས་མཐུན། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་མོས་མཐུན་བཅས་ཡིན།

“ཕན་ཚུན་མཉམ་འདྲེས་ལྔ”ནི།

ལན། བར་སྟོང་མཉམ་འདྲེས་དང་། དཔལ་འབྱོར་མཉམ་འདྲེས། སྤྱི་ཚོགས་སྤྱི་ཚོགས་མཉམ་འདྲེས། རིག་གནས་མཉམ་འདྲེས། སེམས་ཁམས་མཉམ་འདྲེས་བཅས་ཡིན།

“སྲུང་སྐྱོང་ལྔ”ནི།

ལན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཡིན།

“ཕན་ཚུན་དྲུག”ནི།

ལན། མི་རིགས་སོ་སོ་ཕན་ཚུན་རྒྱུས་ལོན་དང་། ཕན་ཚུན་མྱོང་རོལ། ཕན་ཚུན་བརྩི་བཀུར། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ། ཕན་ཚུན་བཟོད་སྒོམ་བཅས་ཡིན།

མི་རིགས་ཀྱི་གཞི་རྩའི་ཁྱད་ཆོས་ནི།

ལན། ཐུན་མོང་གི་སྐད་ཡིག་དང་། ཐུན་མོང་གི་ས་ཁོངས། ཐུན་མོང་གི་དཔལ་འབྱོར་འཚོ་བ། ཐུན་མོང་གི་བསམ་པའི་བྱང་ཚད་བཅས་ཡིན།

 རང་རྒྱལ་གྱི་མི་རིགས་ལྔ་བཅུ་ང་དྲུག་ནི།

ལན། རྒྱ་རིགས་དང་། སོག་རིགས། ཧུའེ་རིགས། བོད་རིགས། མིའོ་རིགས། ཡུ་གུར་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། པའེ་རིགས། ཁྲའོ་ཞན་རིགས། ཏུང་རིགས། ཧ་ཉི་རིགས། ཧ་སག་རིགས། མན་ཇུ་རིགས། ཐུའུ་ཅ་རིགས། ཡའོ་རིགས། ཏ་ཝོར་རིགས། ཏུང་ཞང་རིགས། ཀའོ་ཧྲན་རིགས། ཅིང་ཕོ་རིགས། ཁོར་ཁེ་ཙི་རིགས། ལ་ཧུའུ་རིགས། འཇང་རིགས། ཧྲེ་རིགས། ཏའེ་རིགས། ལི་རིགས། ལི་སུའུ་རིགས། མུའུ་ལའོ་རིགས། ཆའང་རིགས། ཧྲུའེ་རིགས། ཧོར་རིགས། དབའ་རིགས། ཨ་ཁྲང་རིགས། པུའུ་ལང་རིགས། མའོ་ནན་རིགས། ཕུའུ་སྨི་རིགས། ས་ལར་རིགས། ཐ་ཅི་ཁེ་རིགས། ཞི་པོ་རིགས། ཀེ་ལའོ་རིགས། པའོ་ཨན་རིགས། ཏེ་ཨང་རིགས། ཨུ་རུ་སུ་རིགས། ཨོ་ཧུན་ཁེ་རིགས། ཅིང་རིགས། ནུའུ་རིགས། ཝུའུ་ཙི་པིའེ་ཁེ་རིགས། ཡུས་ཀུའུ་རིགས། ཏུའུ་ལུང་རིགས། ཨོ་ལུན་ཁྲུན་རིགས། ཧོ་ཀྲེ་རིགས། ཅི་ནུའོ་རིགས། ལྷོ་པ་རིགས། མོན་པ་རིགས། ཐ་ཐར་རིགས་བཅས་ཡིན།

རང་རྒྱལ་གྱི་མི་འབོར་མང་ཤོས་དང་ཉུང་ཤོས་ཀྱི་གྲངས་ཉུང་མི་རིགས་གཉིས་ནི།

ལན། མི་འབོར་མང་ཤོས་ནི་ཀྲོང་རིགས་དང་ཉུང་ཤོས་ནི་ལྷོ་པ་རིགས་ཡིན།

རང་རྒྱལ་དུ་མི་རིགས་ཆེས་མང་བའི་ཞིང་ཆེན་ནི། ཁྱབ་རྒྱ་ཆེས་ཆེ་བའི་གྲངས་ཉུང་མི་རིགས་ནི།

ལན།  ཡུན་ནན་ཞིང་ཆེན་དང་།   ཧུའེ་རིགས་ཡིན།


མཉམ་སྤྱོད།