དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་རྩ་བའི་ས་ཞིང་ཟེར།

2024-09-11 16:17:43   |   130

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

རྩ་བའི་ས་ཞིང་ཞེས་པ་ནི། དུས་སྐབས་ངེས་ཅན་ཞིག་གི་ནང་གི་མི་གྲངས་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་བྱུང་བའི་དབང་གིས་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་དང་། ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་ལས་གཏན་དུ་ཕབ་པའི་གཞན་དུ་བཀོལ་མི་ཆོག་པའི་འདེབས་ཞིང་ལ་སྟོན་པའོ། རྩ་བའི་ས་ཞིང་ལ་གཤམ་གྱི་ཁྱད་ཚོས་ཡོད་དེ། དང་པོ། རྩ་བའི་ས་ཞིང་ནི་དུས་སྐབས་ངེས་ཅན་གྱི་མི་གྲངས་དང་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་བྱུང་བའི་དབང་གིས་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་ཁག་ཐེག་བྱེད་པའི་འདེབས་ཞིང་ཡིན། གཉིས་པ། རྩ་བའི་ས་ཞིང་གི་བཀོད་སྒྲིག་དང་། གྲངས་ཀ་དང་། རྒྱུ་སྤུས་སོགས་ཀྱི་བླང་བྱ་ནི། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་བྱས་ནས་གཏན་དུ་ཕབ་པ་ཡིན། གསུམ་པ། རྩ་བའི་ས་ཞིང་ལ་བཅའ་ཁྲིམས་ལྟར་གཏན་ཁེལ་བྱས་རྗེས།  ཡུན་རིང་དུ་གཞན་སྤྱོད་བྱེད་མི་ཆོག  རྒྱལ་ཁབ་ཀྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་དུ་མཁོ་བའི་ས་ཞིང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུས་ནས་ཆོག་མཆན་འགོད་དགོས་པ་མ་ཟད། ད་དུང་བཏང་སྙོམ་གྱི་བླང་བྱ་ལྟར། རྩ་བའི་ས་ཞིང་གསར་པའི་ཁ་གསབ་ལས་འགན་དངོས་འབེབ་བྱས་ཏེ། རྩ་བའི་ས་ཞིང་གི་གྲངས་ཀ་དང་། རྒྱུ་སྤུས་དག་ཇེ་ཉུང་དང་ཇེ་དམར་མི་འགྲོ་བ་ཁག་ཐེག་བྱེད་དགོས། རྩ་བའི་ས་ཞིང་དུ་བཀོད་ནས་སྲུང་སྐྱོབ་བྱེད་དགོས་པའི་འདེབས་ཞིང་ཚང་མ་ནི་རྩ་བའི་ས་ཞིང་ཡིན་པས། ངེས་པར་དུ་སྲུང་སྐྱོབ་ནན་མོ་བྱེད་དགོས།


མཉམ་སྤྱོད།