དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་སྡེ་འཛུགས་སྐྲུན་ཁྲོད་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་ས་ཞིང་བེད་སྤྱོད་ཇི་ལྟར་བྱེད་རྒྱུ།

2024-09-10 09:27:38   |   105

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

(1) ཞིང་སྡེའི་ཐུན་མོང་འཛུགས་སྐྲུན་དུ་ས་ཞིང་བེད་སྤྱོད་ཀྱི་འཆར་འགོད་དོ་དམ་ལ་མཐོང་ཆེན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་གྱིས་གོང་འཕེལ་གཏོང་བ་དང་། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་ས་ཞིང་བེད་སྤྱོད་པའི་རྩ་དོན་ལྟར། གྲོང་གསེབ(གྲོང་རྡལ)ཀྱིས་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གྲོང་རྡལ་གྱི་འཆར་འགོད་དང་། ཞང་གི་འཆར་འགོད་དང་། སྡེ་བའི་འཆར་འགོད་བཅས་བཟོ་འགོད་ལེགས་པོ་བྱེད་པ་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱས་ཐོག  སྡེ་བ་དང་གྲོང་རྡལ་གྱི་འཕེལ་རྒྱས་དང་། ཡང་ན་ཕྱིར་འཐེན་དང་། ཡང་ན་གཅིག་སྡུད་བྱས་པས། བསྐྱར་འདེབས་ཀྱི་ས་ཆ་གཏན་ཁེལ་བྱེད་དགོས། ཞིང་པ་ཐུན་མོང་ལ་དབང་བའི་ས་ཞིང་ལ་ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་དུ་བེད་སྤྱོད་པ་ན། ངེས་པར་དུ་འཆར་འགོད་དང་མཐུན་དགོས་པ་དང་། ལོ་རེའི་འཆར་གཞིའི་ནང་དུ་བཞག་ནས་ཁྲིམས་ལྟར་ཡར་ཞུ་ཆོག་མཆན་འགོད་དགོས། ཞིང་ལས་ས་ཞིང་དེ་གཞན་དུ་འཛུགས་སྐྲུན་བྱེད་ས་རུ་གཏན་ནས་བཀོལ་མི་ཆོག  “གླས་པས་སྡུད་པ”ཚབ་བྱས་ནས་ཞིང་ལས་ས་ཞིང་དེ་གཞན་པའི་ཞིང་ལས་མ་ཡིན་པར་གཏན་ནས་བཀོལ་མི་ཆོག  ལོ་ཉེ་ཆར་ས་ཆ་ལ་ལར་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་གཞིའམ། ས་ཞིང་བེད་སྤྱོད་ཀྱི་ལོ་རེའི་འཆར་གཞི་དང་འགལ་བའི་གནས་ཚུལ་བྱུང་མྱོང་བ་དང་། ལྐོག་ཏུ་ཞིང་ལས་ས་ཞིང་གཞན་པར་བཀོལ་བ་དང་། ས་ཞིང་སྡུད་སྤྱོད་ཀྱི་ཞིབ་བཤེར་ཆོག་མཆན་མ་བཀོད་པ། གཞན་ལ་གླས་པ་དང་། (བོགས་མ)འགན་གཙང་ལེན་སོགས་དང་།  “གླས་པས་སྟུད་པའི་ཚབ་བྱེད་པའི”བྱ་ཐབས་སྣ་ཚོགས་སྤྱད་དེ། ཁྲིམས་དང་འགལ་ནས་ཞིང་པ་ཐུན་མོང་ལ་དབང་བའི་ས་ཞིང་དེ་ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་དུ་བེད་སྤྱོད་པའི་བྱ་སྤྱོད་བྱུང་མྱོང་། དེའི་ཕྱིར། གོང་གི་དེ་དག་གཏན་ནས་མི་འབྱུང་བར་བྱེད་དགོས་པ་དང་། བྱུང་བ་ལ་རྩད་བཅད་ན་ས་ཐག་གཅོད་ནན་མོ་བྱེད་ད་གོས།

(2) ཞིང་སྡེ་འཛུགས་སྐྲུན་དུ་བེད་སྤྱོད་པའི་ས་ཞིང་གི་བེད་སྤྱོད་བྱེད་ཚད་མཐོར་འདེགས་གཏོང་བར་སྐུལ་ལྕག་གཏོང་དགོས། ཞིང་པའི་ཡིད་འདུན་ལ་བཀུར་བ་རྒྱུན་འཁྱོངས་དང་ཞིང་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་རྩ་དོན་འོག  ཁྲིམས་ལྟར་ཞིང་སྡེ་ཐུན་མོང་འཛུགས་སྐྲུན་དུ་བཀོལ་བའི་ས་ཞིང་རྩིས་གསལ་པོ་བརྒྱབ་ནས་ཁོང་དུ་ཆུད་པར་བྱེད་དགོས། འཆར་གཞི་ལྟར་ཞིང་སྡེའི་ཐུན་མོང་འཛུགས་སྐྲུན་དུ་བཀོལ་བའི་ས་ཞིང་དག་ཐེར་བྱས་ཏེ། ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།  ཞིང་པས་སྡོད་ཁང་འཛུགས་སྐྲུན་བྱ་ན།  གྲོང་རྡལ་གྱི་འཆར་འགོད་དང་ཞང་གི་འཆར་འགོད་དང་། སྡེ་བའི་འཆར་འགོད་དང་མཐུན་པར་བྱ་དགོས། སྡོད་ཁང་འཛུགས་སྐྲུན་དུ་བཀོལ་བའི་ས་ཞིང་དེ་ཐོག་མར་སྡེ་བ་ནང་ཁུལ་གྱི་ས་སྟོང་དང་། ཡང་ན་གཞི་མ་སྟོང་པ་བཀོད་སྒྲིག་བྱེད་དགོས། སྡེ་བ་རང་འདོད་ཀྱིས་གཞི་ས་ཕྱིར་སྤྲོད་པ་དང་། འདུག་ས་གཞི་མ་ཡར་ཞུའི་ཆ་རྐྱེན་དང་མཐུན་ཡང་གཞི་མ་སྟོང་པ་ཉོས་ནས་འདུག་པ་ལ། ས་དེ་གའི་སྲིད་གཞུང་གིས་བྱ་དགའ་སྟེར་བ་དང་། ཡང་ན་ཁ་གསབ་བྱེད་དགོས།

(3) སྡེ་བ་གཅིག་དང་ཁྱིམ་ཚང་གཅིག་དང་འདུག་ས་གཞི་མ་གཅིག་ཅེས་པའི་སྲིད་ཇུས་ལག་བསྟར་ནན་མོར་བྱེད་དགོས། རྒྱ་ཁྱོན་ནི་ཞིང་ཆེན་དང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་གྱི་གཏན་འབེབས་ཚད་གཞི་ལས་རྒལ་མི་རུང་། ཞིང་སྡེའི་སྡེ་བས་སྡོད་ཁང་གཞན་ལ་བཙོངས་པ་དང་། ཡང་ན་གཞན་ལ་གླས་རྗེས། ཡང་བསྐྱར་འདུག་ས་གཞི་མའི་ས་ཆ་ཡར་ཞུ་བྱས་ན། ཚོག་མཆན་འགོད་མི་ཆོག  ས་གནས་སོ་སོས་རང་ཉིད་ས་ཁུལ་གྱི་གནས་ཚུལ་དངོས་དང་སྦྲེལ་ནས། མི་རེའི་འདུག་ས་རྒྱ་ཁྱོན་སོགས་འབྲེལ་ཡོད་ཚད་གཞི་འཐུས་ཚང་དུ་བཏང་ཐོག  ཞིང་པས་ཚད་གཞི་དང་བརྒལ་ནས་ཁང་པ་འཛུགས་སྐྲུན་བྱེད་པ་ཚོད་འཛིན་བྱེད་དགོས་པ་དང་།  རིམ་གྱིས་ལོ་རྒྱུས་ལས་བྱུང་བའི་ཁྱིམ་ཚང་གཅིག་ལ་འདུག་ས་མང་པོ་ཡོད་པའི་གནད་དོན་གཙང་ཐག་གཅོད་དགོས། ཚད་གཞིའི་རྒྱ་ཁྱོན་དང་བརྒལ་ནས་གཞི་མ་ས་ཆ་བཙན་འཛིན་བྱེད་པ་དང་ཁྱིམ་ཚང་གཅིག་ལ་འདུག་ས་མང་པོ་ཡོད་པའི་གནས་ཚུལ་ནན་ཏན་དུ་སྔོན་འགོག་བྱེད་དགོས།

(4) ས་ཞིང་རང་དགར་འཇོག་མི་རུང་། ཞིང་སྤྱོད་ས་ཞིང་གཞན་དུ་སྤྱོད་ཆོག་པའི་ཆོག་མཆན་བཀོད་རྗེས། ལོ་གཉིས་ཀྱི་ནང་དུ་ས་དེ་བེད་སྤྱོད་མ་བྱས་ན། ཆོག་མཆན་བཀོད་པའི་ཡིག་ཆ་དེ་རང་ཤུགས་སུ་གོ་མི་ཆོད་པར་གྱུར་པ་ཡིན། ས་ཞིང་བསྡུས་ཤིང་ལོ་གཉིས་ཀྱི་ནང་དུ་ས་ཞིང་སྤྲོད་མི་ཐུབ་ན། ལོ་རྗེས་མའི་ཞིང་སྤྱོད་ས་ཞིང་གཞན་དུ་སྤྱོད་པའི་འཆར་གཞི་འགོད་ཚེ། དེའི་ནང་ནས་འཕྲི་བར་བྱེད་དགོས། ལོ་ཏོག་འདེབས་ཆོག་པའི་ས་དེ་མགོ་མ་ས་ཞིང་བེད་སྤྱོད་པ་དེར་སྤྲད་ནས་མུ་མཐུད་དུ་ལོ་ཏོག་འདེབས་པར་འཇུག་དགོས།

དེའི་ཕྱིར། ཞིང་སྡེའི་གཞི་མའི་ས་དེ་དང་སྡེ་བ་དག་སྒྲིག་བྱས་པས་ལྷག་ལུས་བྱུང་བའི་ས་ཞིང་ལ། ཐོག་མར་སྐྱར་འདེབས་སུ་བཀོལ་བ་དང་། འཛུགས་སྐྲུན་དུ་བཀོལ་བའི་ས་དང་ཚབ་བྱས་ན་ངེས་པར་དུ་བཅའ་ཁྲིམས་ཀྱི་སྒྲུབ་ལུགས་ལྟར་སྒྲུབ་དགོས་ལ། ངེས་པར་དུ་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་གཞི་དང་མཐུན་དགོས་པ་དང་། ས་ཞིང་དོ་དམ་གྱི་ནང་དུ་འཇོག་དགོས།


མཉམ་སྤྱོད།