དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཞིང་སྡེའི་ས་ཞིང་ལ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་བྱེད་དོན་ཅི་ཡིན།

2024-09-09 14:43:16   |   128

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

རང་རྒྱལ་ལ་མི་མང་ཡང་ས་ཞིང་ཉུང་བ། འདེབས་ཞིང་ཐོན་ཁུངས་ཤིན་དུ་དཀོན་པ། མིག་སྔར་ཡང་བཟོ་ལས་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བཞིན་པའི་སྒང་ཡིན་པས། ས་ཞིང་གི་མཁོ་སྤྲོད་བར་གྱི་འགལ་བ་ལྷང་དུ་བུད་ཡོད་པས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཁག་ཐེག་བྱེད་པའི་དགོས་མཁོའི་ཆེད་དང་། འདེབས་ཞིང་དོན་དམ་དུ་སྲུང་སྐྱོང་དང་། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་ས་ཞིང་བེད་སྤྱོད་པ་ལ་སྟོབས་ཤུགས་ཆེན་པོས་སྐུལ་ལྕག་གཏོང་ཆེད། ཞིང་སྡེ་འཛུགས་སྐྲུན་གྱིས་ས་ཞིང་བཀོལ་བ་ཉུང་ཞིང་། བེད་སྤྱོད་བྱེད་ཚད་ཆེ་བས། རང་རྒྱལ་གྱི་གནས་ཚུལ་དང་མཐུན་པའི་ས་ཞིང་བེད་སྤྱོད་བྱེད་ཚུལ་གསར་པ་ཞིག་བྱུང་ཡོད་པ་འདི་ནི། མི་རིགས་འཚོ་གནས་ཀྱི་རྩ་བ་དང་རྒྱལ་ཁབ་ཀྱི་རྒྱང་རིང་ཁེ་ཕན་དང་འབྲེལ་བའི་ཐབས་བཀོད་པ་ཆེན་པོ་ཞིག་ཡིན། སྒོ་ཀུན་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དངོས་འབེབ་བྱེད་པའི་བྱེ་བྲག་གི་བླང་བྱ་ཞིག་ཀྱང་ཡིན་ལ། རང་རྒྱལ་གྱི་ཡུན་རིང་དུ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་བྱེད་ཕྱོགས་ཤིག་ཀྱང་ཡིན།


མཉམ་སྤྱོད།