དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་ཆེ་ཕྱོགས་ནས་ས་ཞིང་སྙོམ་སྒྲིག་ཚོད་འཛིན་བརྒྱུད་རིམ་ཁྲོད་ཀྱི“འགན་འཁུར་རྩད་གཅོད་ལམ་ལུགས”ཟེར།

2024-09-06 10:58:55   |   143

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

འགན་འཁུར་རྩད་གཅོད་ལམ་ལུགས་ཞེས་པ་ནི། རིམ་པ་གཅིག་པའི་སྲིད་གཞུང་གི་འགན་འཁུར་པ་དང་།  སྲིད་གཞུང་དེའི་ཁོངས་གཏོགས་གི་བྱ་བྱེད་ལས་ཁུངས་སོ་སོ་དང་། འོག་རིམ་སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོ་དག་གིས་མངའ་འོག་གི་ལས་ཁུངས་དང་བྱ་བྱེད་ཁྱབ་ཁོངས་ནང་དུ་གཟས་ནས་གནོད་པ་སྐྱེལ་བ་དང་། ཡང་ན་ལས་ཤོར་བ་དང་། ཁྲིམས་བཅད་ཀྱི་འགན་འཁུར་ལག་བསྟར་མི་བྱེད་པའམ། ཡང་ན་ལག་བསྟར་ཡང་དག་མི་བྱེད་པའི་དབང་གིས།  ས་ཞིང་དོ་དམ་གྱི་གོ་རིམ་མམ་ས་ཞིང་དོ་དམ་ཕན་ཡོན་ལ་ཤན་ཤུགས་སྐྱེལ་བའམ། ཡང་ན་སྲིད་འཛིན་བྱ་བ་ལ་གནོད་པ་བྱེད་པ། ཡང་ན་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བ་ཡང་ན་རིམ་པ་གཅིག་པའི་སྲིད་གཞུང་ལ་ཤུགས་རྐྱེན་ངན་པ་ཐེབས་པར་བྱེད་པའི་བྱ་སྤྱོད་སོགས་ལ་རིམ་པ་གཅིག་པའི་སྲིད་གཞུང་གིས་ནང་ཁུལ་ལྟ་སྐུལ་དང་འགན་འཁུར་རྩད་གཅོད་བྱེད་པའི་ལམ་ལུགས་ལ་སྟོན་པའོ།

ཞིང་སྡེ་རུ། ཁྲིམས་འགལ་ལུགས་འགལ་གྱིས་ས་ཞིང་བཀོལ་སྤྱོད་བྱེད་པ་དང་། ཡང་ན་འདེབས་ཞིང་གང་བྱུང་དུ་སྤྱོད་པ་བཀག་ཀྱང་མི་ཁོག་པས། ས་ཞིང་གི་འགག་སྒོ་དམ་སྲུང་བྱེད་རྒྱུ་ནི་སྔར་ལས་ལས་འགན་ཆེན་པོ་ཞིག་ཡིན། ཞིང་སྡེའི་ས་ཞིང་སྙོམ་སྒྲིག་ཚོད་འཛིན་ཁྲོད་དུ།  སྲིད་གཞུང་གི་ས་ཞིང་དོ་དམ་བྱ་བ་ལ་འགན་འཁུར་རྩད་གཅོད་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱིས་ས་ཞིང་དོ་དམ་ལ་ཤུགས་སྣོན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། དེའི་དམིགས་ཡུལ་ནི། ཕན་ཡོད་ཀྱི་འགན་འཁུར་གྲིམ་སྡོམ་ནང་རྐྱེན་བཙུགས་པ་བརྒྱུད་དེ། སྲིད་གཞུང་གི་དབང་ཆ་དང་སྲིད་གཞུང་གི་ལས་བྱེད་པའི་བྱ་སྤྱོད་ཚོད་འཛིན་དང་ཚད་ལྡན་དུ་གཏོང་བ་དང་། སྲིད་གཞུང་གི་ས་ཞིང་དོ་དམ་དང་འདེབས་ཞིང་སྲུང་སྐྱོང་གི་འགན་འཁུར་དངོས་འབེབ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་གོང་དུ་འཕེལ་བར་ཁག་ཐེག་བྱེད་པ་དེ་ཡིན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཞིང་སྙོམ་སྒྲིག་ཚོད་འཛིན་ལ་ཤུགས་སྣོན་བྱེད་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་སྦྱོར》གྱི་དགོངས་པ་ལྟར་ན། འགན་འཁུར་རྩད་གཅོད་བྱས་ན། གཙོ་བོ་ས་གནས་སྲིད་གཞུང་གི་འགན་འཁུར་པའི་ས་ཞིང་སྐོར་གྱི་ཁྲིམས་འགལ་ལུགས་འགལ་ལ་མགོ་ཁྲིད་འགན་འཁུར་རྩད་གཅོད་བྱེད་པ་ཡིན།  ཅུང་ཞིབ་ཏུ་བཤད་ན། རིགས་གསུམ་ལ་སྲིད་གཞུང་མགོ་ཁྲིད་པའི་འགན་འཁུར་རྩད་གཅོད་བྱེད་པ་སྟེ། གཅིག་ནས་མངའ་ཁོངས་ནང་ཁུལ་དུ་ས་ཞིང་སྐོར་གྱི་ཁྲིམས་འགལ་ལུགས་འགལ་གྱི་དོན་སྐྱོན་བྱུང་ནས་རྗེས་འབྲས་ཚབས་ཆེན་ཡིན་པ་དང་། གཉིས་ནས་ས་ཞིང་སྐོར་གྱི་ཁྲིམས་འགལ་ལུགས་འགལ་བྱུང་ཡང་མི་འགོག་པ་དང་རྩ་འཛུགས་བྱས་ནས་ཐག་གཅོད་མི་བྱེད་པ་དང་། གསུམ་ནས་ས་ཞིང་སྐོར་གྱི་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ལ་སྦ་གསང་བྱེད་པ་ལས་ཡར་ཞུ་མི་བྱེད་པ་དང་། གསང་ནས་རྩད་གཅོད་མི་བྱེད་པ་བཅས་སོ།

མདོར་བསྡུས་ནས་བཤད་ན། ཞིང་སྡེའི་ས་ཞིང་ལ་སྙོམ་སྒྲིག་ཚོད་འཛིན་བྱེད་པའི་ཁྲོད་དུ།  “མགོ་ཁྲིད་པའི་འགན་འཁུར་རྩད་གཅོད་ལམ་ལུགས”ནི་སྲིད་ཇུས་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན།


མཉམ་སྤྱོད།