རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།
རྩ་བའི་ས་ཞིང་སྲུང་སྐྱོབ་བྱས་ན་ངེས་པར་དུ“བྱ་མི་ཆོག་པ་ལྔ”བྱེད་དགོས་ཏེ། གཅིག་ནས་བཅའ་ཁྲིམས་ནང་གཏན་དུ་ཕབ་པའི་རྒྱལ་ཁབ་ཀྱི་གནད་སའི་འཛུགས་སྐྲུན་རྣམ་གྲངས་མ་གཏོགས། གཞན་པའི་འཛུགས་སྐྲུན་དུ་རྩ་བའི་ས་ཞིང་བེད་སྤྱོད་བྱེད་མི་ཆོག གཉིས་ནས་ཞིང་བསྐྱུར་སྡོང་འཛུགས་ཀྱི་མིང་གཡར་ནས་ཐང་བདེ་པོ(ཐང་ཆུང)ས་ཁུལ་གྱི་ལོ་འདེབས་ཆ་རྐྱེན་བཟང་བའི་རྩ་བའི་ས་ཞིང་དེ་ཞིང་བསྐྱུར་སྡོང་འཛུགས་ཀྱི་ཁྱབ་ཁོངས་སུ་འགོད་མི་རུང་། ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་འགལ་ནས་རང་འདོད་དུ་རྩ་བའི་ས་ཞིང་གི་རྒྱ་ཁྱོན་ཇེ་ཉུང་དུ་གཏོང་མི་ཆོག གསུམ་ནས་རྩ་བའི་ས་ཞིང་ནང་དུ་སྡོང་པོ་འཛུགས་མི་ཆོག་ལ། ཤིང་དང་ཤིང་ཏོག་ལས་རིགས་ཀྱང་སྤེལ་མི་ཆོག བཞི་ནས་ཞིང་ལས་སྒྲིག་གཞི་ལེགས་སྒྲིག་གི་མིང་གཡར་ནས་རྩ་བའི་ས་ཞིང་ནང་དུ་རྫིང་བུ་ལས་ཏེ་ཉ་དང་བྱ་རིགས་གསོ་མི་ཆོག དེ་མིན་ལོ་འདེབས་ས་ཞིང་ལ་གནོད་པ་ཐེབས་པའི་ཐོན་སྐྱེད་བདག་གཉེར་བྱ་འགུལ་སྤེལ་མི་ཆོག ལྔ་ནས་རྩ་བའི་ས་ཞིང་བཙན་སྤྱོད་བྱས་ནས་ལྗང་མདོག་བགྲོད་ལམ་དང་ལྗང་སྒྱུར་མཚམས་གཅོད་ནགས་རིང་འཛུགས་སྐྲུན་བྱེད་མི་ཚོག རྩ་བའི་ས་ཞིང་སྲུང་སྐྱོབ་ཀྱི“བྱ་མི་ཆོག་པ་ལྔ”ཡི་དམིགས་ཡུལ་ནི་གང་འདོད་དུ་རྩ་བའི་ས་ཞིང་སྤྱོད་པའི་བྱ་སྤྱོད་གཏན་འགོག་བྱེད་རྒྱུ་དེ་ཡིན།