རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཁྲིམས་འགལ་ལུགས་འགལ་གྱིས་རྩ་བའི་ས་ཞིང་བཙན་སྤྱོད་དང་གནོད་པ་སྐྱེལ་ཟིན་པ་ལ་འཕྲལ་དུ་བསྐྱར་འདེབས་ཀྱི་བྱ་ཐབས་སྤྱོད་དགོས། ཁྲིམས་དང་འགལ་ནས་རྩ་བའི་ས་ཞིང་བཙན་སྤྱོད་དང་གནོད་པ་བགྱིས་པ་ལ། ས་གནས་སོ་སོ་དང་། འབྲེལ་ཡོད་ལས་ཁུངས་སོ་སོས་གཤམ་གྱི་རྩ་དོན་ལྟར་ཐག་གཅོད་དགོས།
(1) རྩ་བའི་ས་ཞིང་བཙན་སྤྱོད་བྱས་ཏེ་སྐྱེ་བ་མགྱོགས་ཤིང་ཡོང་འབབ་ལེགས་པའི་སྡོང་པོ་བཙུགས་པ་ལ་དུས་བཅད་ནས་བསྐྱར་འདེབས་བྱེད་པར་འཇུག་དགོས།
(2) རྩ་བའི་ས་ཞིང་ནང་དུ་ཕྱུགས་བྱ་གསོ་བའི་ཁང་པ་ལས་པ་ལ་དུས་བཅད་ནས་ཁང་པ་ཞིག་ཏུ་འཇུག་དགོས་པ་དང་ཐང་སྙོམ་པར་འཇུག་དགོས།
(3) རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་བྱས་པས་རྩ་བའི་ས་ཞིང་ལ་གནོད་པ་བགྱིས་པ་ལ་དུས་བཅད་ནས་སླར་གསོ་བྱེད་པར་འཇུག་དགོས།
(4) ཚད་གཞི་དང་བརྒལ་ནས་ལྗང་མདོག་བགྲོད་ལམ་བསྐྲུན་ནས་རྩ་བའི་ས་ཞིང་བཙན་སྤྱོད་བྱས་པ་ལ། རིམ་གྱིས་བསྐྱར་འདེབས་ཆ་རྐྱེན་སླར་གསོ་བྱེད་པར་འཇུག་དགོས།
(5) ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་སོ་སོས་རྩ་བའི་ས་ཞིང་བཙན་སྤྱོད་བྱས་པ་ལ། བཅའ་ཁྲིམས་ལྟར་ཐག་གཅོད་ཡང་དག་བྱེད་སྔོན་དུ། ས་དེ་གས་འཛུགས་སྐྲུན་དུ་ས་ཞིང་ཞུ་འབུལ་བྱས་པ་ལ་དང་ལེན་བྱེད་མི་ཆོག བྱེ་བྲག་ཏུ་ཐག་གཅོད་བྱེད་ཁྲོད་དུ་ཞིང་པའི་དཔལ་འབྱོར་ལ་གྱོང་མི་ཐེབས་པ་ཁག་ཐེག་བྱེད་དགོས།