དེ་རིང་ནི2025ལོའི་ཟླ01པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། 海北之音

ཞིང་པའི་ས་ཞིང་ཁེ་དབང་ཇི་ལྟར་སྲུང་སྐྱོབ་བྱེད་རྒྱུ།

2024-09-20 10:50:56   |   589

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

མུ་མཐུད་དུ་ས་ཞིང་སྡུད་པའི་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱ་བ་སྤེལ་ནས་ས་ཞིང་སྡུད་པའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་།   ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ།  ས་ཞིང་སྡུད་ཡུལ་ཞིང་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ།  ས་ཞིང་སྡུད་པ་ལས་བྱུང་བའི་རྩོད་པ་འདུམ་གཅོད་ནང་རྐྱེན་འཛུགསདགོས།  ས་ཞིང་སྡུད་པའི་ཞུ་འབུལ་མཆན་འགོད་སྒྲུབ་ལུགས་མ་བརྒྱུད་པ་དང་།  བསྡུས་པའི་ས་ཞིང་གི་ཁ་གསབ་ཉུང་བའམ།  དུས་ཐོག་ཏུ་ཁ་གསབ་མི་སྟེར་བ།  ཡང་ན་ཁ་གསབ་སྒོར་མོ་ཚང་མ་མི་སྟེར་བ།  ཡང་ན་སྤྱི་ཚོགས་འགན་སྲུང་དངོས་འབེབ་མི་བྱེད་པ་བཅས་པར་ས་ཞིང་བེད་སྤྱོད་ཞུ་འབུལ་ཞུས་ན་གཏན་ནས་ཆོག་མཆན་འགོད་མི་ཆོག  ཁྲིམས་འགལ་ལུགས་འགལ་དུ་ས་ཞིང་བཙན་སྤྱོད་བྱེད་པ་དང་།  ཡང་ན་ཆོག་མཆན་འགོད་པ་ལ་བཅའ་ཁྲིམས་ལྟར་རྩད་གཅོད་བྱས་ནས་ཐག་གཅོད་ནན་མོ་བྱེད་དགོས།  ཞིང་སྡེ་ཐུན་མོང་འཛུགས་སྐྲུན་དུ་ས་ཞིང་བེད་སྤྱོད་པ་ལ་དོ་དམ་ནན་མོ་བྱེད་དགོས། “གླས་པས་སྡུད་པའི་ཚབ་བྱེད་པ”གཏན་འགོག་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་པ་ཞིང་སྡེར་སོང་ནས་འདུག་ས་ཉོ་མི་ཆོག་པ་དང་།  ཞིང་པའི་གཞི་མའམ།  ཡང་ན“ཐོན་དབང་ཆུང་བའི་ཁང་པ”ཡང་ཉོ་མི་ཆོག  གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དུ་ས་ཞིང་མཁོ་བ་ཇེ་མང་དུ་གྱུར་པ་དེ་ཞིང་སྡེ་འཛུགས་སྐྲུན་དུ་ས་ཞིང་མཁོ་བ་ཇེ་ཉུང་དུ་གྱུར་པ་དང་སྦྲེལ་བའི་ཚོད་ལྟ་བྱ་བ་སྤེལ་ནས།  རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་པའི་ཁྱབ་ཁོངས་ནང་དུ་ངེས་པར་དུ་ཚོད་འཛིན་ནན་མོ་བྱེད་དགོས།  བཅའ་ཁྲིམས་ལྟར་ཞིང་པའི་གཞི་ས་དག་སྒྲིག་བྱ་བ་ཚད་ལྡན་དུ་གཏོང་དགོས།


མཉམ་སྤྱོད།