དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་ས་ཞིང་བརྟག་དཔྱད་ཟེར།

2024-09-23 14:39:14   |   870

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


2.jpg

ས་ཞིང་བརྟག་དཔྱད་ཟེར་བ་ནི།  ས་ཞིང་གི་རིགས་དང་།  གང་དུ་ཡོད་པ།  རྒྱ་ཁྱོན།  ཁྱབ་ཚུལ་སོགས་རང་བྱུང་ཁོངས་གཏོགས་རང་བཞིན་དང་།   ས་ཞིང་གི་དབང་གཏོགས་སོགས་སྤྱི་ཚོགས་ཁོངས་གཏོགས་རང་བཞིན་།  དེ་མིན་ས་ཞིང་གི་འགྱུར་ལྡོག་གནས་ཚུལ།  རྩ་བའི་ས་ཞིང་གི་གནས་ཚུལ་བཅས་ལ་བརྟག་དཔྱད་དང་ལྟ་སྐུལ་ཚད་ལེན།  སྡོམ་རྩིས།  དབྱེ་ཞིབ་སོགས་ཀྱི་བྱ་འགུལ་སྟོན་པའོ།

ས་ཞིང་བརྟག་དཔྱད་ནང་དུ་རྒྱལ་ཡོངས་ས་ཞིང་བརྟག་དཔྱད་དང་ས་ཞིང་འགྱུར་ལྡོག་བརྟག་དཔྱད། ས་ཞིང་ཆེད་དོན་བརྟག་དཔྱད་སོགས་འདུས་ཡོད།  རྒྱལ་ཡོངས་ས་ཞིང་བརྟག་དཔྱད་ཅེས་པ་ནི།  རྒྱལ་ཁབ་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་ཐོག  རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཞིང་སྣ་ཚོགས་ལ་སྒོ་ཀུན་ནས་བརྟག་དཔྱད་བྱེད་པར་སྟོན་པའོ། ས་ཞིང་གི་འཕོ་འགྱུར་བརྟག་དཔྱད་ཅེས་པ་ནི།   རྒྱལ་ཡོངས་ནས་ས་ཞིང་བརྟག་དཔྱད་བྱས་པའི་རྨང་གཞི་ཐོག   གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཞིང་བེད་སྤྱོད་གནས་ཚུལ་དང་དབང་གཏོགས་འགྱུར་ལྡོག་གནས་ཚུལ་གཞིར་བཟུང་ཐོག  དུས་བཅད་མེད་པར་གྲོང་ཁྱེར་དང་གྲོང་རྡལ་དང་།   སྡེ་བ་བཅས་ཀྱི་ས་ཞིང་ཁོངས་གཏོགས་འགྱུར་ཡོད་མེད་ལ་བརྟག་དཔྱད་དང་།  ས་ཞིང་བེད་སྤྱོད་པ་འགྱུར་ཡོད་མེད་ལ་བརྟག་དཔྱད་བྱེད་པ་དང་།  ད་དུང་དུས་བཅད་ནས་ཕྱོགས་སྡོམ་སྡོམ་རྩིས་བྱེད་དགོས་པ་དེར་སྟོན་པའོ།  ས་ཞིང་ཆེད་དོན་བརྟག་དཔྱད་ཅེས་པ་ནི།  རྒྱལ་ཁབ་ས་ཞིང་ཐོན་ཁུངས་དོ་དམ་གྱི་དགོས་མཁོ་ལྟར།  བྱེ་བྲག་གི་ཁྱབ་ཁོངས་དང་བྱེ་བྲག་གི་དུས་ཚོད་ནང་དུ་བྱེ་བྲག་བརྟག་དཔྱད་བྱ་ཡུལ་ལ་ཆེད་དུ་བརྟག་དཔྱད་བྱེད་པ་དེར་སྟོན་པའོ།  དེའི་ནང་དུ་འདེབས་ཞིང་གྲབས་གསོག་ཐོན་ཁུངས་བརྟག་དཔྱད་དང་།  ས་ཞིང་བེད་སྤྱོད་ལ་འགུལ་རྣམ་གྱིས་རྒྱང་ཚོར་ལྟ་སྐུལ་ཚད་ལེན་དང་།   རྩད་ཞིབ་ཐིག་ལེན་བྱས་ནས་ས་མཚམས་ཐག་གཅོད་པ་བཅས་འདུས་ཡོད།

ས་ཞིང་བརྟག་དཔྱད་ནི་རང་རྒྱལ་གྱི་ཁྲིམས་སུ་བཀོད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན།  སྒོ་ཀུན་ནས་ས་ཞིང་ཐོན་ཁུངས་རྩད་ཆོད་པ་དང་རྩད་གསལ་པོར་ཆོད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན།  རྒྱལ་ཡོངས་ནས་ས་ཞིང་བརྟག་དཔྱད་བྱེད་པ་ནི་སྤྱི་ཕན་རང་བཞིན་དང་།  རྨང་གཞི་རང་བཞིན་གྱི་རྒྱལ་ཁབ་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་བྱེད་པའི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན།  རྒྱང་ཚོར་སོགས་སྔོན་ཐོན་ལག་རྩལ་བེད་སྤྱད་དེ་གཟུགས་བརྙན་འདྲ་པར་རྨང་གཞི་བྱས་ནས།   ས་ཞིང་རེ་ལ་ས་ཞིང་གི་རིགས་དང་རྒྱ་ཁྱོན་ལ་བརྟག་དཔྱད་བྱེད་པ་ཡིན།  ས་ཞིང་རེ་ལྟར་རྒྱལ་ཡོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཞིང་སྣ་ཚོགས་ཀྱི་བདག་དབང་དང་སྤྱོད་དབང་གི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ་ཡིན།   རྒྱལ་ཡོངས་ཀྱི་རྩ་བའི་ས་ཞིང་གི་གྲངས་ཀ་དང་ཁྱབ་ཚུལ་དང་སྲུང་སྐྱོབ་བྱས་པའི་གནས་ཚུལ་བཅས་ལ་བརྟག་དཔྱད་བྱེད་པ་ཡིན།   ཕན་ཚུན་ཟུང་འབྲེལ་དང་ཕན་ཚུན་ལོངས་སྤྱོད་པའི་རྒྱལ་ཁབ་དང་ཞིང་ཆེན་དང་།   གྲོང་ཁྱེར།(ས་ཁུལ)རྫོང་བཅས་རིམ་པ་བཞིའི་གཟུགས་བརྙན་དང་ས་རིས་དང་ས་རིགས་དང་རྒྱ་ཁྱོན་དང་དབང་གཏོགས་བཅས་གཅིག་ཏུ་གྱུར་པའི་ས་ཞིང་བརྟག་དཔྱད་གྲངས་མཛོད་འཛུགས་རྒྱུ།  ས་ཞིང་ཐོན་ཁུངས་ཀྱི་འཕོ་འགྱུར་ཆ་འཕྲིན་གྱི་བརྟག་དཔྱད་སྡོམ་རྩིས་དང་དེ་མིན་ལྟ་སྐུལ་ཚད་ལེན་དང་།  མགྱོགས་མྱུར་བརྗེ་རེས་ཀྱི་ནང་རྐྱེན་གསར་པ་འཛུགས་རྒྱུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་ན།  རྒྱལ་ཡོངས་ནས་ས་ཞིང་བརྟག་དཔྱད་ཐེངས་གཉིས་ནི2007ལོའི་ཟླ7པའི་ཚེས1ཉིན་ནས་མགོ་བརྩམས་པ་དང་།  2009ལོའི་ལོ་སྟོད་དུ་རྒྱལ་ཡོངས་བརྟག་དཔྱད་བྱ་བ་ཡོངས་སུ་འགྲུབ་པར་བྱེད་པ་དང་།  2009ལོའི་ལོ་སྨད་དུ།  ས་གནས་སོ་སོས་བརྟག་དཔྱད་འབྲས་བུ་ལ་དག་སྒྲིག་བྱེད་པ།  2009ལོའི་ཟླ10པའི་ཚེས31ཉིན་ལ་ཚད་གཞིའི་དུས་ཚོད་བགྱིས་པ་ལྟར་གཅིག་གྱུར་གྱིས་བརྟག་དཔྱད་གྲངས་ཀ་དག་སྒྲིག་བྱེད་པ་མ་ཟད།  ད་དུང་གྲངས་ཀ་བརྗེས་ནས་ཕྱོགས་སྡོམ་བྱས་ཏེ་རྒྱལ་ཡོངས་ཀྱི་ཐེངས་གཉིས་པའི་ས་ཞིང་བརྟག་དཔྱད་ཀྱི་རྩ་བའི་གྲངས་ཀར་གྱུར་པ་ཡིན།


མཉམ་སྤྱོད།