དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱ་ནི་སྲོག་ཆགས་ག་འདྲ་ཞིག་ཡིན།

2025-04-25 09:37:51   |   325

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཤེས་བྱ་དྲིས་བརྒྱ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


བྱ་ཞེས་པ་ནི་འདབ་ཆགས་སྤྱིའི་མིང་དུ་འབོད་ཅིང་། མིང་གི་རྣམ་གྲངས་ལ་མཁའ་འགྲོ་དང་། མཁར་ཉལ། སྒོང་སྐྱེས། སྒྲོ་ལྡན། གཉིས་སྐྱེས། འདབ་ལྡན། ནམ་མཁའི་རྟ་ལ་སོགས་ཡོད་པ་དང་། ལོ་སྐོར་བཅུ་གཉིས་ཀྱི་ཡ་གྱལ་ཡིན། 

9b3b2b7593f5c25b3de9e4f8714ab11a.jpeg

བྱ་ནི་སྲོག་ཆགས་སྒལ་ཚིགས་ཅན་ལས་སྒོང་སྐྱེས་ཀྱི་རིགས་སུ་གཏོགས་ཤིང་། གློ་བར་བརྟེན་ནས་དབུགས་འབྱིན་རྔུབ་བྱེད་པ་དང་། ལུས་སྟེང་དུ་སྒྲོ་སྤུ་སྐྱེས་པ། རྐང་བ་གཉིས་ཀྱི་སྟེང་ནས་འགྲོ་རྒྱུག་བྱེད་པ།  གཤོག་ཟུང་ལ་བརྟེན་ནས་ནམ་མཁར་འཕུར་ཐུབ་པ་ཞིག་ཡིན། 


མཉམ་སྤྱོད།