དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མ་ཞུ་བའི་ནད།

2025-04-27 09:51:51   |   113

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མ་ཞུ་བའི་ནད་ཟེར་བ་ནི་ཕོ་བས་ཟས་རིགས་འཇུ་མ་ཐུབ་པར་ཡར་སྐྱུགས་པ་དང་། མར་བཤལ་བ། ཡང་ན་བཤལ་སྐྱུགས་མ་ཐུབ་པར་ཕོ་བར་ན་ཟུག་གཏོང་བ་དང་། སྦོས་བརྒྱངས་བྱེད་པ་ཞིག་ཡིན། ནད་འདིའི་སློང་རྐྱེན་ནི་གློ་བུར་དུ་ཟས་སྐོམ་འགྲངས་ཆེ་བ་དང་། རྗེན་པ་དང་བཙོག་པ། མ་འཚོས་པ། གྲང་མོ། རུལ་སུངས་སུ་གྱུར་པ་སོགས་འཇུ་དཀའ་བའི་ཟས་སྐོམ་རིགས་བསྟེན་དྲགས་པ། ཟས་སྔ་མ་མ་ཞུ་བར་ཕྱི་མ་ཟོས་པ། ལུས་ཁམས་འཁྱགས་པ། ལུས་ཁམས་ཀྱི་འགུལ་སྐྱོང་ཉུང་བ། དེ་སྔོན་ཟ་མ་མྱོང་བའི་ཟས་རིགས་གློ་བུར་དུ་ཟོས་དྲགས་པ་སོགས་ཀྱིས་སློང་བ་ཡིན།

ནད་རྟགས། 

ཕོ་བར་ན་ཟུག་གཏོང་བ་དང་། ཁོག་པ་སྦོས་བརྒྱངས་བྱེད་པ། སྐྱུག་མེར་ལངས་ནས་སྐྱུག་ལྡང་བྱེད་པ། འགག་སྒྲེག་རྒྱག་པ། འོག་རླུང་མང་བ། ཁོག་པ་བཤལ་བ། བཤལ་མདོག་སྐྱ་བོའམ་གང་མ་ཞུ་བའི་ཟས་འདྲེས་པ། ཟས་ཀྱི་དྲི་མནམ་པ་སོགས་འབྱུང་བ་ཡིན།

སྔོན་འགོག

དུས་རྒྱུན་ཟས་ཚོད་རན་པོར་བཟའ་བ་དང་། རྗེན་པ་དང་མ་འཚེས་པ། རྙིངས་པ། གྲང་མོ། བཙོག་པ་སོགས་འཇུ་དཀའ་བའི་ཟས་རིགས་དང་། དེ་སྔོན་ཟས་མ་མྱོང་ཞིང་མ་གོམས་པའི་ཟས་རིགས་ཟ་མི་རུང་བ་དང་། ལུས་ཁམས་མ་འཁྱགས་པ་དང། ཟས་རྗེས་སུ་འགུལ་སྐྱོད་འོས་འཚམ་བྱ་དགོས།

གསོ་ཐབས།

གཅིག བོད་ལུགས་གསོ་རིགས་ལྟར་ན། མ་ཞུ་བའི་ཟས་རིགས་ཞུ་རུ་འཇུག་པ་དང་ཕོ་བའི་མེ་དྲོད་གསོ་བའི་ཆེད་དུ། སྨན་ལ་ཞི་བྱེད་དྲུག་པ་དང་། དཀར་པོ་དྲུག་སྦྱོར། རུ་རྟ་དྲུག་པ། ཞི་གསེར། དྭགས་སྨན་བཅོ་ལྔ། དཀར་རུ།(དཀར་པོ་དྲུག་སྦྱོར་དང་རུ་རྟ་དྲུག་པ་བསྲེས་པ) རུ་ཞི།(རུ་རྟ་དྲུག་པ་དང་ཞི་དྲུག་བསྲེས་པ)སོགས་ནད་རྟགས་དང་བསྟུན་ནས་བསྟེན་དགོས། གློ་བུར་དུ་ཟས་སྐོམ་འགྲངས་ཆེ་སྟེ་ན་ཟུག་དྲག་པོ་སྐྱེས་པ་ལ་ཞི་བྱེད་དྲུག་པ་དང་། སྦོས་བརྒྱངས་ཆེ་བའི་སྐབས་སུ་རུ་ཞི། སྐྱུག་མེར་ལངས་པ་དང་ཁ་ཏིག་ཁ་ན་ཞི་གསེར། རྟག་པར་ཟས་རིགས་འཇུ་མ་ཐུབ་པ་དང་། འགག་སྒྲེགས་རྒྱག་པ་སོགས་བྱུང་ན་རུ་རྟ་དྲུག་པ་དང་། དཀར་རུ། དྭགས་སྨན་བཅོ་ལྔ་སོགས་གང་ལ་དེ་འཚམ་ལྟར་བསྟེན་པ་དང་། ཟས་རྗེས་སུ་ཆང་ཉུང་ཙམ་བསྟེན་ན་བཟང་།

གཉིས། ཟས་སྤྱོད་ཀྱི་སྒོ་ནས་བཅོས་པ་ལ། ཁ་ཟས་འཇུ་དཀའ་བ་དང་གྲང་མོ། སྣུམ་པ། གྱོང་པོ། རུལ་སུངས་ལ་སོགས་མི་འཕྲོད་པས་སྤང་ལ། ཕྱེ་ཐུག་ལ་སྒ་བཏབ་པ་དང་ལུག་ཤ་ཡིབ་མ་དང་། སྤྱང་ཤ ཁྱིམ་བྱའི་ཤ ཉ་ཤ རྒོད་ཤ ཆང་དང་ཟན་དྲོན་མོ་སོགས་ཡང་ཞིང་དྲོ་བའི་རིགས་ཉུང་ཙམ་བསྟེན་པ་དང་། སྤྱོད་ལམ་ལ་རླན་གྲང་དང་བསེར་བུར་ཆེ་བའི་གནས་སུ་འདུག་པ་དང་། ཉིན་གཉིད་ལོག་པ་སོགས་སྤང་སྟེ། སྐམ་སར་ལུས་པོ་དྲོན་པོར་གནས་པ་དང་ཚ་དུགས་དང་སོ་ཕག་བསྲོས་པའི་དུགས་བྱེད་པ་དང་། ཡང་ན་རྔུལ་ཐོན་ཙམ་དུ་རྩོལ་བཅག་བྱ་དགོས།


མཉམ་སྤྱོད།