དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟས་རིགས་འདི6ལ་ཡང་བསྐྱར་དྲོད་སྣོན་བྱས་ན་མི་བཟང་།

2025-05-12 10:24:22   |   29

རྩོམ་སྒྲིག དོན་འགྲུབ་མཚོ།   ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།   བཤེར་འབེབས། རིན་ཆེན་ཚེ་རིང་།


1.ལོ་ལྗང་སྔོ་ཚལ་རིགས། ཚོད་སྣག་དང་ལྕ་ཚལ་སོགས་ཀྱི་ཟས་རིགས་ནང་གི་ཟེ་སྐྱུར་ཚྭའི་འདུས་ཚད་མཐོ་བས། ཡང་བསྐྱར་དྲོད་སྣོན་བྱས་ཚེ། ཟེ་འབྲིང་སྐྱུར་ཚྭའི་འདུས་ཚད་འཕྲལ་མར་ཇེ་མཐོ་ལ་འགྲོ་བ་ཡིན། ཀྲེ་ཅང་སློབ་ཆེན་གྱི་མཁས་པས་ཞིབ་འཇུག་ར་སྤྲོད་བྱས་པ་ལྟར་ན། ཡང་དང་བསྐྱར་དུ་དྲོད་སྣོན་བྱས་པའི་ལོ་ལྗང་སྔོ་ཚལ་ཁྲོད་ཀྱི་ཟེ་འབྲིང་སྐྱུར་ཚྭའི་འདུས་ཚད་ནི་གཡོ་སྦྱོར་བྱས་མ་ཐག་པའི་སྔོ་ཚལ་ཟས་རིགས་ལས་ལྡབ5ནས8འཕར་ཡོད་པ་དང་། ཡུན་རིང་ལ་དེ་ལྟར་ཟོས་ན། ཕོ་བའི་འབྲས་སྐྲན་སྐྱེད་པའི་ཉེན་ཁ་ཇེ་མཐོར་འགྲོ་སྲིད། 

2.མཚོ་ཟས་རིགས། ཞྭ་སྨི་དང་སྡིག་སྲིན། འགྲོན་བུ་སོགས་རྒྱ་མཚོའི་ཐོན་རྫས་ལ་སྤྲི་དཀར་རྫས་མང་པོ་འདུས་པ་དང་། ལས་སྣོན་བྱས་རྗེས་ཞག་གཅིག་ལ་བཞག་ན། ཕབ་འབྱེད་རྫས་མང་པོ་ཐོན་སྲིད་པས། དེ་ཉིད་ཟོས་ན་མཆིན་པའི་བྱེད་ནུས་ལ་གནོད་སྐྱོན་བཟོ་སྲིད། ནད་ཐོག་ནད་དཔེ་ལས་མངོན་པ་ལྟར་ན། ཞག་གཅིག་ལ་བཞག་པའི་མཚོ་ཟས་ཟོས་ན་མྱུར་གཤིས་ཕོ་རྒྱུའི་གཉན་ཚད་སྐྱེད་སྲིད་པ་དང་། ནད་པའི་ལུས་ནང་གི་ཙུའུ་ཨན་ཚད་ལས་རྒལ་ཚད82%ལ་ཐོན་པ་རེད།

3.ཤ་མོའི་རིགས།ཤ་མོའི་རིགས་ཀྱི་བཟའ་བཅའི་ནང་དུ་ཟེ་སྐྱུར་ཚྭ་ཅུང་མང་པོ་འདུས་པས། ཡང་བསྐྱར་དྲོད་སྣོན་བྱས་ན་ཟེ་འབྲིང་ཨན་མང་པོ་སྐྱེད་སླ་བ་ཡིན། བརྟག་འཇལ་ལས་མངོན་པ་ལྟར་ན། ཞག་གཅིག་ལ་བཞག་པའི་མོག་དཀར་ཁུ་བའི་ནང་གི་ཟེ་འབྲིང་སྐྱུར་ཚྭའི་འདུས་ཚད་ནི་སྟོང་ཁེ་རེ་ལ་ཧའོ་ཁེ0.5ཙམ་ཡོད་པ་ནས་སྟོང་ཁེ་རེ་ལ་ཧའོ་ཁེ4.2ཡོད་པར་འཕར་བས། བདེ་འཇགས་ཚད་གཞི་ལས་ཆེས་ཆེར་བརྒལ་བ་རེད།

4.སྒོ་ངའི་རིགས། ཚོས་ཐག་ཆོད་མེད་པའི་སྒོ་ང་ཞག་གཅིག་ལ་བསྐྱུར་ན་ཕྲ་སྲིན་འབོར་ཆེན་སྐྱེད་པ་ཡིན། སལ་མོན་དབྱུག་སྲིན་དེ་དྲོད་ཚད་ཧྲེ་ཧྲི་ཏུའུ20ནས37གྱི་ཁོར་ཡུག་ནང་དུ་ཆུ་ཚོད2ལ་བཞག་ན་མང་དུ་འཕར་སྲིད་པ་དང་། ཡང་བསྐྱར་དྲོད་སྣོན་བྱེད་སྐབས། ཕྲ་སྲིན་དེ་དག་ཡོངས་སུ་གསོད་མི་ཐུབ། 

5.ཞོག་ཁོག་རིགས། ཡང་བསྐྱར་དྲོད་སྣོན་བྱས་རྗེས། ཞོག་ཁོག་ཁྲོད་ཀྱི་འུ་ལུ་རྒྱུའི་འདུས་ཚད་ཇེ་མཐོར་འགྲོ་བས་དུག་ཕོག་སྲིད། གཞི་གྲངས་ཤིག་ལས་མངོན་པ་ལྟར་ན། ཞོག་ཁོག་ཟོས་ཏེ་དུག་ཕོག་པའི་ནད་དཔེའི་ཁྲོད70%ནི་ཞག་གཅིག་ལ་བསྐྱུར་བའི་ཞོག་ཁོག་ཚལ་དང་འབྲེལ་བ་ཡོད་ཅིང་། རྒྱུན་མཐོང་གི་ནད་རྟགས་ལ་སྐྱུག་པ་དང་བཤལ་བ་སོགས་ཡོད། 

6.འོ་མའི་རིགས། འོ་མ་ལ་ཡང་དང་བསྐྱར་དུ་དྲོད་སྣོན་བྱས་ན། དེའི་ནང་གིBརིགས་འཚོ་རྒྱུ་དང་གསོན་གཤིས་དངོས་རྫས་ལ་གཏོར་སྐྱོན་ཐེབས་ཏེ། འཇུ་དཀའ་བའི་དིམ་བསགས་དངོས་པོ་གྲུབ་ནས་འཚོ་བཅུད་རིན་ཐང་མར་ཆག་པར་བྱེད་པ་ཡིན།

གོང་བརྗོད་ཀྱི་ཟས་རིགས་འདི6ནི་རབ་ཡིན་ན། ཚོས་མ་ཐག་ཟོས་ན་བཟང་བ་དང་། ཟས་ལྷག་བྱུང་ཚེ་འཁྱགས་སྒམ་ནང་དུ་བཞག་ནས་གྲང་བཟོ་བྱས་རྗེས་ཡུན་རིང་མ་འགོར་བར་བཟའ་དགོས། ལོ་ལོན་དང་བྱིས་པ་སོགས་དམིགས་བསལ་མི་ཚོགས་ཀྱིས་ཡང་བསྐྱར་དྲོད་སྣོན་བྱས་པའི་ཟ་མ་བཟའ་བར་འཛེམ་རྒྱུ་གལ་ཆེ།


སྐབས་སྔོན་མ། མ་ཞུ་བའི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།