དེ་རིང་ནི2025ལོའི་ཟླ07པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མི་རིགས་མཐུན་སྒྲིལ་སྐོར་གྱི་རྒྱུན་ཤེས་འགའ།

2025-07-02 09:34:06   |   40

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


1.གཙོ་ཐིག་གཅིག 

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ། 

2.བློ་བརྟན་འགྱུར་མེད་གཅིག

བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་པའི་འགྲོ་ལམ་ཡང་དག་པར་སྐྱོད་པ། 

3.ཐུན་མོང་གཉིས། 

མི་རིགས་སོ་སོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ། 

4.ཁ་འབྲལ་ཐབས་མེད་པ་གསུམ། 

རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཡང་ཕན་ཚུན་ཁ་འབྲལ་ཐབས་མེད་པ། 

5.སྲུང་སྐྱོང་ལྔ།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་།

6.ངོས་འཛིན་གཅིག་མཐུན་ལྔ།

མི་རིགས་སོ་སོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཇེ་ཆེར་གཏོང་བ། 

7.ཕན་ཚུན་དྲུག

མི་རིགས་སོ་སོའི་བར་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་བརྩི་བཀུར། ཕན་ཚུན་བཟོད་སྒོམ། ཕན་ཚུན་དགའ་མོས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱེད་པ།

8.སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ། 

འདྲ་མཉམ། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཡིན་ལ། དེའི་ཁྲོད་དུ་འདྲ་མཉམ་ནི་རྨང་རྡོ་དང་མཐུན་སྒྲིལ་ནི་གཙོ་ཐིག རོགས་རེས་ནི་འགན་ལེན། ཞི་མཐུན་ནི་ངོ་བོ་བཅས་ཡིན། 

9.འབྲེལ་འདྲིས་གསུམ། 

འགྲོ་འོང་། སྤེལ་རེས། མཉམ་འདྲེས།

10.མཉམ་བཞི། 

མི་རིགས་སོ་སོའི་མང་ཚོགས་མཉམ་སྡོད་དང་མཉམ་སློབ། མཉམ་སྒྲུབ། མཉམ་སྐྱིད་བཅས་བྱེད་པ། 


མཉམ་སྤྱོད།