དེ་རིང་ནི2025ལོའི་ཟླ08པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡར་འདྲེན་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-07-02 09:51:59   |   377

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཡར་འདྲེན་བཅུ་གསུམ།

པ་ཡག་རྩ་བ་སྲང་གང་ཞོ་བརྒྱད། སྲོ་ལོ་དཀར་པོ་སྲང་གང་། སྤང་རྒྱན་ཞོ་བརྒྱད། ཨ་ཀྲོང་ཞོ་བདུན། ཨུཏྤལ་སྔོན་པོ་ཞོ་ལྔ། ཅུ་གང་ཞོ་བརྒྱད། གུར་གུམ་ཞོ་ལྔ།  ཤིང་མངར་ཞོ་ལྔ། ཟི་དཀར་ཞོ་གསུམ་སྐར་ལྔ། ཙན་དཀར་ཞོ་བཞི། ཙན་དམར་ཞོ་ལྔ། སྟར་ཁཎ་ཞོ་ལྔ། གི་ཝང་སྐར་གཅིག་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཡར་འདྲེན་བཅུ་གསུམ་བཟི་མེད་ཅུང་ཟད་བསིལ། བུང་ཚང་ནད་འོག་གློ་བར་རྣག་བསགས་པས། གློ་བའི་རྩ་སྦུབས་འགག་ནས་དབུགས་གཏོང་དཀའ། སྐད་ཤུགས་ཉམས་ཤིང་རྩིབ་འབྱར་དཔུང་པ་གཤལ། ཤ་སྐམ་མིག་སྤྲིན་སེར་ལ་རྔུལ་མི་འབྱུང་། ལུད་པ་ཤ་སྐྱོ་རྣག་ཏུ་འབྱུང་བའི་སྐབས། སྨན་འདི་བཏང་བས་གློ་རྣག་ཤ་སྐྱོ་རྣམས། གྱེན་དུ་འདྲེན་ཞིང་སྐྱུགས་པར་བྱེད་པ་ཡིན།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།