དེ་རིང་ནི2025ལོའི་ཟླ06པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡ་སྲིན་བཅུ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-26 09:54:34   |   33

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཡ་སྲིན་བཅུ་པ།(རྡོ་རྗེ་རབ་འཇོམས།)

ཨ་རུ་སྲང་དོ། རུ་རྟ་སྲང་གང་ཞོ་དོ། གུར་གུམ་སྲང་གང་ཞོ་ལྔ། བ་ཤ་ཀ་སྲང་གང་ཞོ་ལྔ། སྟག་ཤ་སྲང་གང་། ལང་ཐང་འབྲུ་ཞོ་བརྒྱད། བྱི་ཏང་ཀ་སྲང་གང་། མ་རུ་རྩེ་སྲང་གང་། གུལ་ནག་ཞོ་བདུན་སྐར་ལྔ། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཡ་སྲིན་བཅུ་པ་བཟི་དང་བསིལ་གཉིས་འབྲིང་། ཡ་མ་དཀར་ནག་འཁྲུགས་དང་ཁྲག་ཚད་རྒྱས། སྟོད་བརྒྱངས་མིག་སྒྲིབ་ལིང་ཏོག་ཤ་མཛེར་དང་། མགོ་དང་སོ་འགྲམ་ཟུག་གཟེར་བཅས་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།  


མཉམ་སྤྱོད།