དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འོལ་སེ་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-25 11:01:43   |   14

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


འོལ་སེ་ཉེར་ལྔ།

འོལ་སེའི་འབྲུ་སྲང་གང་། སེ་འབྲུ་ཞོ་བདུན། ཤིང་ཚྭ་ཞོ་བཞི། ཕོ་རིལ་ནག་པོ་ཞོ་གསུམ་སྐར་ལྔ། རྒྱ་ཚྭ་ཞོ་དོ། རྒྱམ་ཚྭ་ཞོ་དོ། ཨ་རུ་སྲང་གང་། སྐྱུ་རུ་ཞོ་བརྒྱད། སྒ་སྐྱ་ཞོ་ལྔ། འུ་སུ་ཞོ་ལྔ། ཙན་དམར་ཞོ་བདུན་སྐར་ལྔ། ཨ་གར་གཉིས་ཞོ་ལྔ། ཛཱ་ཏི་ཞོ་དོ། རྒྱ་ཚོས་ཞོ་ལྔ། བཙོད་ཞོ་ལྔ། འབྲི་མོག་ཞོ་བརྒྱད། རེ་སྐོན་ཞོ་དྲུག བ་ཤ་ཀ་ཞོ་བདུན། བོང་དཀར་ཞོ་ལྔ། མ་ནུ་སྲང་གང་། བ་སྤྲུ་ཞོ་བརྒྱད། སྦྲུལ་ཤ་ཞོ་བཞི། ཟེ་ཚྭ་ཞོ་གསུམ་སྐར་ལྔ། སྟར་ཁཎ་སྲང་གང་། ཅོག་ལ་ཞོ་དོ། ཕང་དཀར་འབྲུ་ཞོ་ལྔ། དོམ་མཁྲིས་སྐར་ཕྱེད་གཉིས། བུ་རམ་ཞོ་བདུན་སྐར་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

འོལ་སེ་ཉེར་ལྔ་བཟི་མེད་བསིལ་དྲོད་སྙོམས། ཁྲག་ཚབས་ནད་ཀྱི་ཟླ་མཚན་འགག་གམ་འཁྱིལ། རྒྱུ་སྨད་གཟེར་ཞིང་རྩ་རྣམས་ཚ་འཁྱུག་བྱེད། སྐེད་པ་ཆུ་སོའི་རུས་པ་འཁོལ་ཞིང་གཟེར། རླུང་ཚབས་ནད་ཀྱིས་མགོ་འཁོར་རྣ་བ་འོན། ཟླ་མཚན་མི་སྙོམས་སྙིང་གཟེར་སེམས་མི་བདེ། རུས་ཚིགས་འཁོལ་ཞིང་ན་ལ་ཤ་ལྤགས་བརྩེ། ཤ་རྣམས་གཡོ་ཞིང་མགོ་རུས་གྲང་བསིལ་བྱེད། མངལ་ཡང་ཚ་བ་སྐྱེད་ཅིང་རྒྱུ་ཞབས་ཟེར། གཞན་ཡང་མངལ་སྐྲན་ཕོ་བའི་རླུང་ཚབས་སོགས། ཁྱད་པར་མོ་ནད་སྤྱི་ཡི་སྨན་གཅིག་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།  


མཉམ་སྤྱོད།