དེ་རིང་ནི2025ལོའི་ཟླ06པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟེ་ཁྲག་བདུན་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-18 09:08:32   |   27

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟེ་ཁྲག་བདུན་པ། 

བྱ་དེའི་ཟེ་ཁྲག་སྲང་དོ། སྐྱ་ཀའི་སྒྲོ་ཐལ་སྲང་གང་ཞོ་ལྔ། རུ་རྟ་སྲང་གསུམ། སྟབ་སེང་སྲང་དོ་ཞོ་ལྔ། སྦལ་པའི་ཤ་སྲང་དོ། གི་ཝང་ཞོ་གཅིག གླ་རྩི་ཞོ་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཟེ་ཁྲག་བདུན་པ་བཟི་མེད་ནུས་པ་བསིལ། བྱིས་པ་གཉན་ཚད་རྒྱས་དང་གྲེ་བ་འགག ཁ་ཚའི་ནད་ཀྱིས་ལྕེ་དང་ཁ་ཡི་ནང་། ཐོར་བ་དཀར་པོ་ཉུངས་འབྲུ་ཙམ་གྱིས་ཁེངས། ཁ་ཟས་མི་ལེན་ཡང་ཡང་ངུ་སྐད་འདོན། ལུས་པོ་ཚ་དྲོད་རྒྱས་ཤིང་ཉོབ་པ་ལ། སྨན་འདི་ཁོག་བཏང་འབྲུམ་པར་གསེར་གྱིས་བརྡར། སྲེག་སྨན་བཏབ་པས་བྱིས་པའི་ཁ་ནད་སེལ། ཡང་ན་བྱིས་པར་རང་གི་ལྟེ་གཅོད་སྐབས། ཉར་ཚགས་བྱས་ཏེ་སྐབས་འདིར་འཐུང་སྲོལ་ཡོད། ཐུན་ཚད་བྱིས་པའི་ལོ་ཚོད་སྐབས་དང་སྦྱོར།


མཉམ་སྤྱོད།