དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟླ་འོད་བཅོ་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-17 15:23:13   |   24

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ་འོད་བཅོ་ལྔ།

གུར་གུམ་སྲང་གང་། བ་ལེ་ཀ་སྲང་གང་ཞོ་ལྔ། རྒྱ་ཏིག་སུམ་ཏིག་འདྲེས་མ་སྲང་གང་། རུ་རྟ་སྲང་གང་། གསེར་མེ་ཞོ་དོ། ཨུཏྤལ་སྔོན་པོ་སྲང་གང་ཞོ་ལྔ། བ་ཤ་ཀ་སྲང་གང་། བྲག་ཞུན་ཞོ་ལྔ། གི་ཝང་སྐར་གཅིག འུ་སུ་སྲང་གང་། སྐྱུ་རུ་སྲང་གང་། མ་ནུ་སྲང་གང་། པྲི་ཡང་ཀུ་སྲང་གང་ཞོ་ལྔ། ཅོང་ཞི་སྲང་གང་། སེ་འབྲུ་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཟླ་འོད་བཅོ་ལྔ་བཟི་མེད་ཅུང་ཟད་བསིལ། སྨུག་པོའི་མཚོ་རྡོལ་ཟླ་རེ་ཟླ་གཉིས་ཁྲག ཡང་ན་གྱེན་སྐྱུགས་ཡང་ན་ཐུར་ལ་བཤལ། མ་ཆོད་སྨན་དཔྱད་གཞན་གྱིས་ཐབས་རྡུགས་ན། ཆུ་གྲང་གིས་ཕུལ་སྨན་ཐུན་ལྔ་ཡིས་ཆོག སྐྱུགས་ན་སྐེ་སྟོང་འཁྲུ་ན་ལྟེ་འོག་སྲེག ལོག་གནོན་གོ་ལྡོག་བཅོས་ཀྱིས་འཕྲུལ་ཤེས་བྱོས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།