དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟངས་ཐལ་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-16 08:45:30   |   18

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟངས་ཐལ་ཉེར་ལྔ།

ཟངས་ཐལ་ཞོ་གསུམ། བསེ་རུ་དཀར་པོ་ཞོ་དོ། རྒྱ་རུ་ཞོ་དོ། ཁ་ཤའི་རྭ་ཞོ་དོ། ཅུ་གང་ཞོ་བརྒྱད། གུར་གུམ་ཞོ་ལྔ་སྐར་ལྔ། ལི་ཤི་ཞོ་གང་སྐར་ལྔ། ཛཱ་ཏི་ཞོ་གང་། སུག་སྨེལ་ཞོ་གང་། ཀོ་ལ་ཞོ་གང་། ཙན་དཀར་ཞོ་བཞི། ཙན་དམར་ཞོ་གསུམ་སྐར་ལྔ། ནཱ་ག་གེ་སར་ཞོ་གསུམ་སྐར་ལྔ། ཤིང་མངར་ཞོ་ལྔ། རྒུན་དཀར་ཞོ་བཞི། བ་ལེ་ཀ་ཞོ་བཞི། ཨུག་ཆོས་དམར་པོ་ཞོ་ལྔ། སྲོལ་དཀར་ཞོ་བདུན་སྐར་ལྔ། སུམ་ཏིག་ཞོ་ལྔ། ཧོང་ལེན་ཞོ་ལྔ། བ་ཤ་ཀ་ཞོ་བཞི། ཨུཏྤལ་སྔོན་པོ་ཞོ་ལྔ། ག་དུར་རྩ་བ་ཞོ་ལྔ། ཅོག་ལ་ཞོ་དོ། གི་ཝང་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཟངས་ཐལ་ཉེར་ལྔ་བཟི་མེད་ཅུང་ཟད་བསིལ། གློ་བར་རྣག་བསགས་གློ་མང་རྣག་དྲི་འབྱུང་། མིག་ལྤགས་རྐང་བོལ་སྐྲངས་ལ་རྒྱབ་མདུན་གཟེར། སེན་མོའི་མདོག་སྐྱ་གདོང་སྣུམ་གློ་སྙིང་དཀྲུགས། མིག་སེར་སྟོད་སྒུར་གཉའ་ཆག་དཔུང་པ་བཤལ། ཤ་སྐམ་ལུས་ཤེད་ཆུང་ལ་སྐད་ཤུགས་ཉམས། ལུད་པ་དམར་སེར་སྐྱ་སོབ་རྣག་བཅས་དོན། ཁྱད་པར་གློ་གཅོང་ཆུ་ཤོར་བུང་ཚང་སོགས། གློ་རྣག་གསར་རྙིང་གློ་རྡོལ་བཅས་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།