དེ་རིང་ནི2025ལོའི་ཟླ10པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྷོ་སྣེའི་མཚོ་དར་ཞུ་བའི་མྱུར་ཚད་བྱང་སྣེ་ལས་ཆེས་ཆེར་བརྒལ་ཡོད་པ།

2025-10-22 09:14:01   |   45

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


题图_proc.jpg

སའི་གོ་ལ་ཧྲིལ་བོའི་མིས་བསྐྱེད་དྲོད་ཁང་ནུས་སྣང་ལས་བྱུང་བའི་ཚ་ཚད་ཀྱི90%རྒྱ་མཚོ་ཡིས་བསྡུ་ལེན་བྱས་ཡོད།    ཨ་རིའི་ཀུ་ལུན་པི་ཡཱ་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་བ་ལྟར་ན། འཁོར་སྐར་བརྟག་འཇལ་ལས་ཐོབ་པའི་གཞི་གྲངས་ཀྱི་ཐོག་མའི་ལོ35ནང་ལྷོ་སྣེའི་མཚོ་དར་ཁེབས་ཚད་ཅུང་ཇེ་མང་དུ་སོང་བའི་སྣང་ཚུལ་ཡོད་མོད། འོན་ཀྱང་འདས་ཟིན་པའི་ལོ་བཅུའི་ནང་ལྷོ་སྣེའི་མཚོ་དར་གྱི་རྒྱ་ཁྱོན་ཆེས་ཆེར་ཇེ་ཉུང་དུ་སོང་ཡོད། 2014ལོ་ནས་བཟུང་ལྷོ་སྣེ་མཐའ་འཁོར་གྱི་མཚོ་དར་མཚོ་འགྲམ་ནས་ཆ་སྙོམས་སྤྱི་ལེ120ཕྱིར་བསྣུར་བྱས་ཡོད་ལ། ཆེས་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བ་ནི2023ལོའི་དགུན་དུས་སུ་བྱུང་བ་རེད། མཚོ་དར་ཁྱབ་ཁོངས་དེ་སྔའི་འཁོར་སྐར་ཟིན་ཐོ་དང་ལོ་རྒྱུས་དཔེ་དབྱིབས་ཀྱི་སྔོན་དཔག་ལས་ཀྱང་ཤིན་ཏུ་དམའ། ཚན་རིག་པས་ཇེ་ཉུང་དུ་སོང་བའི་མྱུར་ཚད་དེ“མི་རྣམས་ཧང་སངས་དགོས་པ་ཞིག་རེད”ཅེས་བཤད། དུས་དེ་ནས་བཟུང་ལྷོ་སྣེའི་མཚོ་དར་གྱི་ཁྱབ་ཁོངས་དེ་ལོ་རྒྱུས་ཀྱི་ཆུ་ཚད་དམའ་ཤོས་ཀྱི་སྔ་གཞུག་ཏུ་རྒྱུན་མཐུད་ངང་གནས་ཡོད།

ཞིབ་འཇུག་ལས་མངོན་པ་ལྟར་ན། འདས་ཟིན་པའི་ལོ་བཅུའི་ནང་ལྷོ་སྣེའི་དགུན་དུས་ཀྱི་མཚོ་དར་ཇེ་ཉུང་དུ་འགྲོ་བའི་མྱུར་ཚད་ནི་འདས་ཟིན་པའི་ལོ46རིང་བྱང་སྣེའི་མཚོ་དར་ཇེ་ཉུང་དུ་འགྲོ་བའི་མྱུར་ཚད་ཀྱི་ལྡབ4.4རེད། རྒྱ་མཚོ་ཇེ་དྲོ་རུ་འགྲོ་བ་ནི་འགྱུར་ལྡོག་དེ་བསླངས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་ངོས་འཛིན་བྱེད། མཚོ་དར་ཞུ་བས་སླར་ཡང་མཚོ་ཆུས་ཚ་ནུས་སྡུད་ཚད་ཇེ་མགྱོགས་སུ་བཏང་ནས་རྒྱུན་ཆད་མེད་པར་ཤུགས་བསྣན་པའི་ངན་གཤིས་ཀྱི་འཁོར་སྐྱོད་ཅིག་ཆགས་ཡོད། ཨ་རིའི་ཁུ་ལོ་ལ་ཏོ་སློབ་ཆེན་པོ་ཨར་ཏེ་ཡན་ལག་སློབ་གྲྭའི་རྒྱལ་ཁབ་གངས་འཁྱགས་གཞི་གྲངས་ལྟེ་གནས་ཀྱི་གཞི་གྲངས་ལྟར་ན། ད་ལོའི་ཟླ7པའི་བར་སའི་གོ་ལའི་ཕྱེད་ལྷོ་བྱང་གི་ཉིན་རེའི་ཆ་སྙོམས་རྒྱ་མཚོའི་མཚོ་དར་ཁྱབ་ཁོངས་འཁོར་སྐར་ཟིན་ཐོ་བྱུང་ཚུན་གྱི་གྲངས་ཐང་དམའ་ཤོས་གསུམ་པ་བཏོད་ཡོད།

《རང་བྱུང》དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་གསར་ཤོས་ནང་དུ། ཚན་རིག་པས་རྒྱ་མཚོའི་མཚོ་དར་དང་། ས་ཁོངས་ཀྱི་རྒྱ་མཚོའི་རྒྱུན་རྒྱུ།འཁྱགས་ཁེབས་དང་འཁྱགས་སྒྲོམ་གྱི་རྣམ་པ། རྒྱ་མཚོའི་སྐྱེ་ཁམས་སོགས་ཕྱོགས་མང་བོའི“གློ་བུར་རང་བཞིན་གྱི་འགྱུར་ལྡོག”ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་མ་ཟད། དེ་དག་གི་རྙོག་འཛིང་ཆེ་བའི་མཉམ་འགུལ་གསལ་སྟོན་བྱས།

མིག་སྔར།ལྷོ་སྣེའི་མཚོ་དར་ཇེ་ཆུང་དུ་འགྲོ་བའི་མྱུར་ཚད་ནི་ཕལ་ཆེར་བྱང་སྣེའི་མཚོ་དར་གྱི་ལྡབ2ཡིན་པ་དང་། འགྱུར་ལྡོག་དེ་དུས་རབས་ཁ་ཤས་རིང་གི་རང་བྱུང་རླབས་འགུལ་གྱི་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་ཡོད། གལ་ཏེ་མིག་སྔའི་འཕེལ་ཕྱོགས་རྒྱུན་མཐུད་བྱུང་ཚེ། ལྷོ་སྣེའི་མཚོ་ཁོངས་སུ་དབྱར་དུས“ཕལ་ཆེར་མཚོ་དར་མེད་པ”ཡི་རྣམ་པ་བསླེབས་པའི་དུས་ཚོད་ནི་བྱང་སྣེ་ལས་སྔ་ཡང་སྲིད་པ་རེད། 


མཉམ་སྤྱོད།