དེ་རིང་ནི2025ལོའི་ཟླ10པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསེར་མདོག་བཅོ་བརྒྱད་ལུགས་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-10-22 09:38:16   |   29

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསེར་མདོག་བཅོ་བརྒྱད་ལུགས་གཅིག

ཅོང་ཞི་ཚ་འདུལ་སྲང་དོ། བྲག་ཁ྇ཎ་སྲང་གང་། ཨ་རུ་གསེར་མདོག་སྲང་དོ། ཅུ་གང་ཞོ་ལྔ། གུར་གུམ་ཞོ་དྲུག ལི་ཤི་ཞོ་བཞི། སུག་སྨེལ་ཞོ་གསུམ། ཛཱ་ཏི་ཞོ་གསུམ། ཀོ་ལ་ཞོ་གསུམ། གི་ཝང་སྐར་ལྔ། ཨར་ནག་ཞོ་བརྒྱད། ཙན་དན་དམར་པོ་ཞོ་བརྒྱད། ཙན་དན་དཀར་པོ་ཞོ་ལྔ། སེ་འབྲུ་སྲང་གང་། རུ་རྟ་ཞོ་བརྒྱད། མ་ནུ་ཞོ་བརྒྱད། པི་ལིང་ཞོ་ལྔ། བསེ་རུ་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

ཡང་ཅིག་གསེར་མདོག་བཅོ་བརྒྱད་བཟི་མེད་སྙོམས། སྨུག་པོ་འཐབ་དང་བྱེར་རྒྱས་འགྱིང་འདྲིལ་དང་། མཆིན་སྐྲན་ཕོ་བར་ལྷུང་དང་རྒྱུ་མ་ལ། བབས་པའི་ནད་རིགས་མ་ལུས་སེལ་བར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།