དེ་རིང་ནི2025ལོའི་ཟླ10པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲོག་རླུང་སྒ་སྐྱ་དྲུག་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-10-23 08:44:53   |   188

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྲོག་རླུང་སྒ་སྐྱ་དྲུག་པ། 

སྒ་སྐྱ་སྲང་གང་། ཛཱ་ཏི་སྲང་གང་ཞོ་ལྔ། ཤིང་ཀུན་སྲང་གང་། གོ་སྙོད་སྲང་གང་། ལི་ཤི་སྲང་གང་། ཁ་རུ་ཚྭ་ཞོ་གསུམ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སྒ་སྐྱ་དྲུག་པ་བཟི་མེད་དྲོ་བ་འདིས། རུས་བཅུད་གར་ཆང་རྟ་བྱས་ཐོ་རེངས་བཏང་། སྙིང་དང་སྲོག་རྩར་རླུང་དུ་ཞུགས་པའི་ནད། མ་ལུས་སེལ་བའི་བྱ་སླ་དོན་ཆེན་ཡིན། ཟབ་པ་མྱོང་གྲུབ་ལག་ཏུ་ལོངས་དང་གསལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།