དེ་རིང་ནི2025ལོའི་ཟླ10པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེ་འབྲུ་པད་མ་འདབ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-10-24 08:39:39   |   34

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སེ་འབྲུ་པད་མ་འདབ་བརྒྱད། 

ཨ་རུ་གསེར་མདོག་སྲང་གང་ཞོ་ལྔ། གར་ནག་སྲང་གང་། གསེར་མེ་ཞོ་བཞི། སེ་མེ་ཞོ་དོ། སེ་འབྲུ་སྲང་གང་ཞོ་གསུམ། ཤིང་ཚྭ་ཞོ་ལྔ། སུག་སྨེལ་ཞོ་གསུམ། པི་ལིང་ཞོ་བཞི་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སེ་འབྲུ་པད་མ་འདབ་བརྒྱད་ཅུང་ཟད་དྲོ། ཚ་གྲང་རྟས་བསྒྱུར་མ་ཞུ་གསར་དང་རྙིང་། སྐྱ་སྨུག་བད་མཁྲིས་ཕོ་རིམས་ལྡན་འདུས་དང་། མཆོག་ཏུ་བད་ཀན་སེར་པོའི་ནད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།