དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེ་འབྲུ་དར་གདུགས་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-10-30 09:24:06   |   26

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སེ་འབྲུ་དར་གདུགས།

སེ་འབྲུ་སྲང་གང་ཞོ་ལྔ། ཤིང་ཚྭ་སྲང་གང་། སུག་སྨེལ་ཞོ་བཞི་སྐར་ལྔ། པི་ལིང་ཞོ་ལྔ། ཨ་རུ་སྲང་དོ། ལི་ཤི་སྲང་གང་། ཅོང་ཞི་ལན་ཚྭ་མཉམ་བསྲེས་སྲང་དོ། འུ་སུ་སྲང་གང་། ཀོ་ལ་སྲང་གང་། ཕོ་རིལ་སྲང་གང་། རྒྱ་ཚྭ་ཞོ་གསུམ། རྒྱམ་ཚྭ་ཞོ་ལྔ། ཁ་རུ་ཚྭ་ཞོ་ལྔ། དུང་ཐལ་སྲང་གང་། འགྲོན་ཐལ་ཞོ་ལྔ། ཤ་རུ་རྩི་ཧྲོག་སྲང་གང་། བཙོ་ཐལ་ཞོ་ལྔ། གླ་རྩི་ཞོ་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སེ་འབྲུ་དར་གདུགས་བཟི་མེད་དྲོ་ལ་རྣོ། ཕོ་བའི་མེ་དྲོད་སྐྱེད་ཅིང་སྐྱུགས་པ་གཅོད། མ་ཞུ་འཇུ་ཞིང་གྲང་སྲིན་གླང་འཐབ་སེལ། འདི་དང་ཚ་བསྲེག་བསྡེབས་པས་ཤིན་ཏུ་རྣོ། ཚ་གྲང་སྐྲན་རིགས་ལྡན་དང་བེ་སྣབས་འཕེལ། ཕོ་བ་གྲང་འཁྲོག་བྱེད་དང་སྒྲེགས་པ་མང་། མཆིན་པ་རྒྱས་ཤིང་ཆུ་དང་ཁྲག་ངན་སྐྱུགས། ཕོ་ལོང་རྒྱུ་མའི་གཅོང་ནད་འཇོམས་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།