དེ་རིང་ནི2025ལོའི་ཟླ11པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བསིལ་བཅུད་བཅོ་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-10-31 08:42:54   |   26

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བསིལ་བཅུད་བཅོ་ལྔ། 

ཨ་གར་སྲང་གང་། ཛཱ་ཏི་སྲང་གང་། སྙིང་ཞོ་ཤ་ཞོ་ལྔ། ཅུ་གང་ཞོ་ལྔ། སྤོས་དཀར་ཞོ་ལྔ། རུ་རྟ་ཞོ་ལྔ། ཨ་རུ་སྲང་གང་། ནཱ་ག་གེ་སར་ཞོ་ལྔ། གི་ཝང་སྐར་གཉིས། ཙན་དན་དཀར་པོ་ཞོ་གཉིས། གུར་གུམ་ཞོ་བརྒྱད། བ་ཤ་ཀ་ཞོ་བརྒྱད། ཧོང་ལེན་ཞོ་ལྔ། བོང་དཀར་སྲང་གང་།

ཕན་ནུས།

བསིལ་བཅུད་བཅོ་ལྔ་བཟི་མེད་བསིལ་བ་འདིས། ཚད་མཇུག་རླུང་གིས་བསུས་ནས་རླུང་ཚད་སྐྱེད། ཚ་བ་སྙིང་ལ་འགྲམས་དང་སྟོད་བརྒྱངས་གཟེར། སྙིང་གཡུག་ལུས་དམན་ཚིག་ཟ་ཁོང་ཁྲོ་ལངས། རླུང་གློ་ལུད་ཅིང་ངེས་མེད་ཚ་བ་རྒྱས། ལུས་འདར་རླུང་འཁྲུགས་སྙིང་གི་ཚད་པ་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།