དེ་རིང་ནི2025ལོའི་ཟླ11པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲོག་རླུང་རྡོ་རྗེ་རབ་འཇོམས་སམ་རྒོད་པོ་གཟེར་འཇོམས་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-11-04 08:50:44   |   13

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྲོག་རླུང་རྡོ་རྗེ་རབ་འཇོམས་སམ་རྒོད་པོ་གཟེར་འཇོམས།

ཀོ་བྱི་ལ་ཞོ་ལྔ། ཨ་རུ་སྲང་གང་། རུ་རྟ་ཞོ་དྲུག དབང་ལག་ཞོ་ལྔ། སྒོག་སྐྱ་ཞོ་ལྔ། འཛིན་པ་ཞོ་ལྔ། ཁ་རུ་ཚྭ་ཞོ་གཉིས། ཨར་ནག་སྲང་གང་། ལི་ཤི་སྲང་གང་། ཚེར་སྔོན་ཞོ་བརྒྱད། གུ་གུལ་ཞོ་ལྔ། རུས་ཁུ་དང་བུ་རམ་གྱིས་རིལ་བུ་སྒྲིལ་རྒྱུ།

ཕན་ནུས།

སྲོག་རླུང་འཇོམས་རྡོར་རྒོད་པོ་གཟེར་འཇོམས་ཞེས། བཟི་ཁ་ཅུང་ཟད་ཡོད་ལ་དྲོ་གྲང་སྙོམས། རླུང་ཁྲག་འཁྲུགས་པས་སྟོད་དང་བྲང་ཁོག་གཟེར། སྙིང་དང་སྲོག་རྩར་རླུང་ཞུགས་འཕྱོ་ལྐུགས་དང་། དོན་མེད་སེམས་སྡུག་སྙིང་གཟེར་ཤུགས་ཆེན་རྒྱག སྙིང་རྒྱས་སྟོད་བརྒྱངས་དབུགས་སྣ་ཐུང་བ་དང་། སྙིང་གི་འཕར་སྟངས་མི་ལེགས་སྙིང་སྟོབས་ཉམས། སྙིང་གཟེར་སྙིང་རུང་ནད་ལ་ཕན་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།