དེ་རིང་ནི2025ལོའི་ཟླ10པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསེར་མདོག་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-10-17 08:42:23   |   66

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསེར་མདོག་བཅོ་བརྒྱད།

ཨ་རུ་གསེར་མདོག་སྲང་དོ། ཅོང་ཞི་ཚ་འདུལ་སྲང་དོ། བྲག་ཁཎ་སྲང་གང་། རུ་རྟ་ཞོ་བརྒྱད། འུ་སུ་ཞོ་བརྒྱད། མ་ནུ་ཞོ་བརྒྱད ། སྟར་བུ་ཞོ་བདུན། རྒྱ་ཚྭ་ཞོ་དོ། ཕོ་རིལ་ཞོ་བརྒྱད། སེ་འབྲུ་སྲང་གང་། ཤིང་ཚྭ་ཞོ་བདུན། པི་ལིང་ཞོ་ལྔ། ཅུ་གང་ཞོ་ལྔ། གུར་གུམ་ཞོ་དྲུག ལི་ཤི་ཞོ་བཞི། སུག་སྨེལ་ཞོ་གསུམ། ཛཱ་ཏི་ཞོ་གསུམ། ཀོ་ལ་ཞོ་གསུམ། ཀ་ར་བཅས་སྦྱར་བས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

གསེར་མདོག་བཅོ་བརྒྱད་བཟི་མེད་ཅུང་ཟད་སྙོམས།  སྐྱ་སེར་སྨུག་པོ་འཐབ་དང་གབ་པ་དང་། བྲང་ཚ་ཆུ་སྐྱུར་སྐྱུགས་དང་སྨུག་པོའི་ནད། བྱེར་རྒྱས་འགྱིང་འདྲིལ་ཐམས་ཅད་འཇོམས་པར་བྱེད།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།