དེ་རིང་ནི2025ལོའི་ཟླ12པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲོག་ཆགས་རིགས8000ཙམ་རྩ་མེད་དུ་འགྲོ་ཉེན་ཆེ།

2025-12-23 11:40:55   |   139

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ཉེ་ཆར། རྒྱལ་སྤྱིའི་ཚོགས་པ་ཞིག་གིས་བསྒྲགས་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན། གནམ་གཤིས་འགྱུར་ལྡོག་གིས་ཐལ་ཆེས་དྲོད་མཐོ་བསླངས་པ་དང་། མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་འཚོ་གནས་ལ་བཙིར་གནོན་བྱས་པ་སོགས་ཀྱི་དབང་གིས། དུས་རབས་འདིའི་དུས་མཇུག་ཏུ། འོ་འཐུང་སྲོག་ཆགས་དང་འདབ་ཆགས། གོག་འགྲོའི་སྲོག་ཆགས། གཉིས་གནས་སྲོག་ཆགས་སོགས་སྲོག་ཆགས་རིགས8000ཙམ་རྩ་མེད་དུ་འགྲོ་ཉེན་ཡོད།

图片11.jpg

དབྱི་སི་རལ་གྱི་ནེ་ཀའེ་ཧྥུ་པིན-ཀུའུ་ལི་ཨན་སློབ་ཆེན་དང་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་སོགས་ཀྱི་ཞིབ་འཇུག་མི་སྣས《གོ་ལའི་འགྱུར་ལྡོག་སྐྱེ་དངོས་རིག་པ》ཞེས་པའི་དུས་དེབ་སྟེང་དུ། གྲོང་ཁྱེར་ཅན་དང་ཞིང་ལས་རྒྱ་སྐྱེད་སོགས་ས་ཞིང་བེད་སྤྱོད་བྱེད་སྟངས་ཀྱི་འགྱུར་ལྡོག་དང་། དེ་མིན་མིའི་རིགས་ཀྱི་འགུལ་སྐྱོད་གཞན་དག་གིས་སྲོག་ཆགས་ཀྱི་རང་བྱུང་འཚོ་གནས་ལ་གཏོར་བརླག་བྱེད་བཞིན་ཡོད་པས། གཞི་ཁྱོན་ཆེ་བའི་དངོས་རིགས་རྩ་མེད་དུ་འགྲོ་ཉེན་ཆེ་ཞེས་སྙན་ཞུ་ཕུལ། 

ཞིབ་འཇུག་མི་སྣས་འབྲེལ་ཡོད་སྲོག་ཆགས་རིགས་ཁྲི3ཙམ་གྱི་འཚོ་གནས་ཀྱི་རྣམ་པར་དབྱེ་ཞིབ་བྱས་པ་དང་། དེ་ཚོའི་འཚོ་གནས་བྱེད་ཡུལ་གྱི་གདམ་ག་བྱེད་སྟངས། བཟོད་ཐུབ་པའི་དྲོད་ཚད་ཀྱི་ཁྱབ་ཁོངས། དེ་མིན་དུས་རབས21གི་གནམ་གཤིས་དང་ས་ཞིང་བེད་སྤྱོད་འགྱུར་ལྡོག་གི་སྔོན་དཔག་བཅས་ཟུང་འབྲེལ་བྱས་ནས་གོང་གསལ་གྱི་སྡོམ་ཚིག་ཐོབ། ཞིབ་འཇུག་ལས་ཧྥེ་གླིང་གི་ས་ཧོ་ལེ་ས་ཁུལ་དང་། པར་ཙིར་གྱི་ས་ཁོངས་མང་ཆེ་བ། དབུས་ཤར་གྱི་ས་ཁུལ་ཁག་ཅིག་བཅས་ལ་ཤུགས་རྐྱེན་ཐེབས་ཚད་ལྷག་ཏུ་ཚབས་ཆེ་ཞིང་། སའི་གོ་ལའི་དངོས་རིགས་སྣ་མང་རང་བཞིན་ཆེས་ཆེར་མར་ཆག་པ་དང་། སྐྱེ་ཁམས་མ་ལག་ལ་གཏོར་བརླག་བྱེད་པའི་གནས་ཚུལ་འཕྲད་སྲིད་པས། མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཞེས་བསྟན། ཞིབ་འཇུག་མི་སྣས་གོ་ལ་ཧྲིལ་བོའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་བྱས།


མཉམ་སྤྱོད།