དེ་རིང་ནི2025ལོའི་ཟླ12པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀླད་ཁྲག་འཁར་འགགས་ཀྱི་ནད།

2025-12-24 08:49:47   |   398

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ཀླད་ཁྲག་འཁར་འགགས(脑栓塞)ཀྱི་ནད་ཟེར་བ་ནི་ཁྲག་གི་འཁོར་རྒྱུག་ནང་ཁྲག་རོ་ཤོར་ཏེ་མཐར་ཀླད་པའི་འཕར་རྩ་འགགས་ནས་བསླངས་པའི་ནད་ཅིག་ཡིན་ལ། ནད་པ་མང་ཆེ་བ་དེ་སྔོན་སྙིང་ནད་ཡོད་པའི་རྐྱེན་གྱིས་སློང་གི་ཡོད་པ་ཡིན། དེ་བཞིན་གློ་བར་གཉན་ཚད་རྒྱས་པའི་ནད་དང་ཚང་རར་གཉན་ཚད་རྒྱས་པ། ལུས་སྨད་ཀྱི་སྡོད་རྩར་ཁྲག་འཁར་བའི་ནད། སྲིན་འབུའི་ནད་འགའ་ཤས་ཤིག་གིས་སློང་བ་ཡིན།

1.jpg

ནད་རྟགས།

ནད་པ་མང་ཆེ་བ་ལྷིང་འཇགས་སུ་གནས་པའམ་གཉིད་གོང་དུ་ནད་ལྡང་བ་དང་། ཐོག་མར་མགོ་ན་བ་དང་། ཡན་ལག་སྦྲིད་པའམ་ཤེད་མེད་པ་དང་། སྐད་ཆ་འབྲེལ་མི་ཆགས་པ་སོགས་འབྱུང་བ་དང་། རིམ་བཞིན་ལུས་པོ་འགུལ་མི་ཐུབ་པ་དང་། གཞོགས་ཕྱེད་བཤལ་བ་དང་། ཚབས་ཆེན་རྣམས་ལ་བརྒྱལ་བ་དང་ཁ་གྲག་མི་ཐུབ་པ་ཡིན། གལ་ཏེ་ཚིལ་བུས་ཁྲག་འགགས་པ་ཡིན་ན། རྒྱུན་དུ་སྔོན་ལ་བྲང་ན་བ་དང་གློ་ལུ་བ། ལུད་པའི་ནང་ཁྲག་དོན་པ། དབུགས་ཀྱི་འབྱིན་རྔུབ་དཀའ་བ། ལུས་ཁམས་ཀྱི་དྲོད་ཚད་མཐོ་རུ་འགྲོ་བ། སེམས་འཚབ་པ་དང་འཆོལ་བ། གཉིད་ཡེར་བ་ཡིན།

2.jpg

སྔོན་འགོག

རྒྱུན་པར་ཁྲག་ཤེད་དང་ཁྲག་ཧྭགས། ཁྲག་ཚིལ་སོགས་ཚོད་འཛིན་བྱེད་རྒྱུ་ནི་སྔོན་འགོག་གི་ཐབས་ཤེས་བཟང་བོ་ཞིག་ཡིན།

4-1.jpg

4-2(1).jpg

4-3.jpg

4-4.jpg

4-5.jpg

4-6.jpg

4-7.jpg

4-8.jpg

གསོ་ཐབས།

1 ནད་འདི་བྱུང་ན་མྱུར་དུ་སྨན་ཁང་ལ་སོང་ནས་བརྟག་བཅོས་བྱ་དགོས།

2 བོད་ལུགས་གསོ་རིག་ལྟར་ན། སྨན་ལ་བསམ་འཕེལ་ནོར་བུ་དང་། བྱ་ཁུད་བདུད་རྩི་སུམ་སྦྱོར། འཆི་མེད་ཨར་བརྒྱད། འབྲོང་ཁྲག་བརྒྱད་པ། ཨ་གར་ཉི་ཤུ། ཙན་དན་བཅོ་བརྒྱད། ཨ་གར་སོ་ལྔ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་གང་འཚམ་ལྟར་བསྟེན་དགོས།

4-9.jpg


སྐབས་སྔོན་མ། ཀླད་ཁྲག་འཁར་བའི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།